འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བསྟན་འཛིན་དབང་གྲགས་ཀྱིས་གསེར་ཟངས་རྡུང་བཟོའི་རྩལ་ལས་ངོ་མཚར་བཀྲག་མདངས་
    རྒྱས་ཞེས་བཤད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:31】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ལྷ་ས་མལ་གྲོ་གུང་དཀར་རྫོང་དུ་འབྲི་གུང་གི་གནའ་བོའི་གསེར་ཟངས་རྡུང་བཟོའི་བཟོ་རྩལ་ཡོད། བསྟན་འཛིན་དབང་གྲགས་ནི་བཟོ་རྩལ་དེའི་རྒྱུན་འཛིན་པ་ཞིག་རེད། ཁོང་གིས“ང་ཚོའི་བཟོ་རྩལ་དེའི་ཁྱད་ཆོས་ནི་རྒྱུན་འཛིན་བྱེད་རིང་རྒྱ་གར་དང་བལ་པོ་སོགས་ཀྱི་བཟོ་རྩལ་རྩེ་གྲ་བསྡུ་ལེན་བྱས་ཡོད། དུས་རབས་འཕེལ་རྒྱས་ཕྱིན་པ་དང་སྦྲགས། བཟོ་རྩལ་འདི་ཤེས་མཁན་སྔར་བས་ཉུང་དུ་ཕྱིན་པས། ངས་ཀུང་སི་བཙུགས་ནས་སློབ་མ་བསྡུ་དོན་ནི་བཟོ་རྩལ་འདི་རྒྱུན་འཛིན་དང་དར་སྤེལ་གཏོང་ཆེད་ཡིན”ཞེས་བཤད། ཁོང་གིས་བསྡུས་པའི་སློབ་མ་མང་ཆེ་བ་དུད་ཚང་དབུལ་པོ་ཡིན་པས་ཁོང་ཚོར་བཟའ་སྡོད་མཁོ་འདོན་བྱེད་པ་ཕུད། གླ་ཕོགས་ཀྱང་མི་དམན་པ་ཞིག་སྤྲོད་ཀྱི་ཡོད། ཁོང་གིས་ཁོང་ཚོའི་དབུལ་སྒྲོལ་ཕྱུག་འགྱུར་ལ་རོགས་རམ་བྱས་ཏེ་ཁོང་ཚོའི་རྒྱབ་ཕྱོགས་སེམས་ཁྲལ་བསལ་བ་མ་ཟད། ཁོང་ཚོར་ལག་རྩལ་བསླབས་ནས་མཉམ་དུ་འབྲི་གུང་གི་གསེར་ཟངས་རྡུང་བཟོའི་ལག་རྩལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་ཐུབ་པའི་རེ་བ་བྱེད་ཀྱི་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།