འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།བློ་གྲོས་ཀྱིས་ཞིང་འབྲོག་པས་ཡུལ་སྐོར་གྱི་ཡོང་འབབ་གསོག་ཐུབ་སོང་ཞེས་བཤད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:30】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། འདམ་གཞུང་གནམ་མཚོ་ཤང་དུ་ལོ་བཅུ་ཕྲག་ཁ་ཤས་ཕྱུགས་འཚོས་ནས་སྡོད་མཁན་རྒད་པོ་ཕུན་ཚོགས་ད་ཆ་ཟ་ཁང་གི་སྦྱིན་བདག་ཆགས་ཡོད། དེ་ནི་འདམ་གཞུང་རྫོང་གིས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཤུགས་ཆེན་བཏང་བ་ལས་བྱུང་བའི་དགའ་འོས་པའི་སྣང་ཚུལ་ཞིག་རེད།
         ལོ་40ལྷག་ཙམ་ལ་སླེབས་པའི་བློ་གྲོས་དེ་་སྔོན་ཕྱིར་ལས་ཀར་བསྐྱོད་དེ་ལོ་གསར་ལ་མ་གཏོགས་ཁྱིམ་དུ་ལོག་གི་མེད། “ཕྱིར་ལས་ཀ་བྱས་ཚེ། རྒྱུན་གཏན་གྱི་འགྲོ་སོང་གཏོང་དགོས་པས་དངུལ་མང་པོ་གསོག་ཐུབ་ཀྱི་མི་འདུག ཁྱིམ་དུ་རྒས་འཁོགས་དང་ཕྲུ་གུར་ལྟ་རྟོག་བྱེད་དགོས་པའི་འགན་ཚང་མ་བཟའ་ཟླའི་ཕྲག་ཏུ་བབས་པས་དངོས་འབྲེལ་མོ་རང་དཀའ་ལས་ཁག་པོ་བྱུང་སོང་། ལོ་འགའ་ཤས་གོང་། ང་དང་ནང་མི་གྲོས་བསྡུར་བྱས་པ་བརྒྱུད། གནམ་མཚོའི་ཉེ་འགྲམ་དུ་ཚོང་ཁང་ཞིག་བཙུགས་པ་དང་བཟའ་ཟླས་ཁྱིམ་གྱི་ནོར་ལ་གཡོག་བྱེད་ཡག་པོ་བྱས་ཏེ་ཡུལ་སྐོར་ལ་བརྟེན་ནས་ཡོང་འབབ་གསོག་རྒྱུའི་ཐག་བཅད་པ་ཡིན། ད་ཆ་ཡུལ་ལྗོངས་སྔར་བས་མཛེས་སུ་ཕྱིན་ནས་གནམ་མཚོར་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་པས་ཚོང་ཡང་ཡག་པོ་འདུག”ཅེས་བློ་གྲོས་ཀྱིས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།