འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་19ཉིན།
  • མི་དམངས་དྲ་བ།

    ༄༅།།ཚེ་རིང་གིས་དྲོད་ཁང་ཆེ་མོ་དངུལ་ཁང་ཆུང་ཆུང་ཞིག་དང་འདྲ་ཞེས་བཤད་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་19ཉིན། 11:29】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        “དྲོད་ཁང་ཆེ་མོ་བརྒྱབ་རྗེས་ལོ་གཅིག་དུས་བཞི་བྲེལ་བ་ཤིན་ཏུ་ཆེན་པོ་འདུག དྲོད་ཁང་ཆེ་མོ་ནི‘དངུལ་ཁང་ཆུང་ཆུང’ཞིག་དང་འདྲ་བས་ཁྱིམ་གྱི་འཚོ་བ་ཇེ་སྐྱིད་དུ་འགྲོ་བཞིན་འདུག”ཅེས་ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཡབ་མདའ་ཤང་དེང་རབས་སྒྲིག་བཀོད་ཞིང་ལས་དཔེ་སྟོན་གླིང་གི་ཚེ་རིང་གིས་ནུས་ཆེའི་སྒྲིག་བཀོད་ཀྱི་ཞིང་ལས་འཕེལ་རྒྱས་སྐོར་གླེང་སྐབས་ཡིད་ཆེས་ཀྱིས་ཁེངས་བཞིན་དེ་ལྟར་བཤད།
         ཚེ་རིང་གིས་གསར་འགོད་པར“སྒྲིག་བཀོད་ཞིང་ལས་ཀྱིས་ཤིང་ཏོག་དང་སྔོ་ཚལ་གྱི་སྣ་ཁ་མང་དུ་སོང་བ་དང་། གྲོང་ཁྱེར་བ་ཚོས་ལོ་གཅིག་དུས་བཞིར་འདི་གར་ཤིང་ཏོག་དང་སྔོ་ཚལ་འཐུ་བར་ཡོང་སྟེ་ཀུན་གྱིས་ཡིད་སྨོན་བྱེད་པའི་སོས་དལ་བག་ཕེབས་ཀྱི་འཚོ་བ་མྱོང་རོལ་བྱེད་དུ་ཡོང་ཆོག་པས། ཁོང་ཚོ་སྐྱིད་པོ་བྱུང་ན། ང་ཚོའང་སྐྱིད་པོ་འདུག”ཅེས་བཤད། ལྷ་ས་གྲོང་ཁྱེར་སྒྲིག་བཀོད་ཞིང་ལས་འཕེལ་རྒྱས་ཀྱིས་ཞིང་ལས་འདེབས་འཛུགས་ཀྱི་གྲུབ་ཆར་འགྱུར་ལྡོག་ཕྱིན་པ་དང་། སྒྲིག་བཀོད་ཞིང་ལས་ཚོད་ལྟ་དཔེ་སྟོན་དུས་མཚམས་ནས་དོན་དངོས་ཁྱབ་གདལ་བེད་སྤྱོད་ཀྱི་དུས་མཚམས་སུ་སླེབས་པ་དང་། ཐོན་སྐྱེད་ཁྱབ་ཁོངས་ཀྱང་སྔོ་ཚལ་འདེབས་འཛུགས་ནས་ཀྭ་རིགས་ཤིང་ཏོག་དང་མེ་ཏོག་སོགས་སུ་རྒྱ་སྐྱེད་བཏང་སྟེ་མགྱོགས་ལ་མྱུར་བའི་འཕེལ་རྒྱས་འགྲོ་ཚུལ་གྱི་རྣམ་པ་གསར་པ་ཞིག་ཐོན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།