འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨོ་ལིམ་ཕིག་གི་སློབ་གསོ་དེ་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་གསོ་སློབ་ཁྲིད་ཀྱི་ནང་དོན་
    ནང་འཇུག་རྒྱུ་ཡིན་པ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་18ཉིན། 10:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཉེ་ཆར། སློབ་གསོ་པུའུ་དང་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་ཀྱིས་པེ་ཅིང་དགུན་དུས་ཨོ་རྩལ་འགྲན་ཚོགས་སྒྲིག་འཛུགས་ཨུ་ལྷན་དང་མཉམ་དུ་《པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་སློབ་གྲྭ་འབྲིང་ཆུང་གི་ཨོ་ལིམ་ཕིག་གི་སློབ་གསོའི་འཆར་གཞི་》(གཤམ་ལ་《འཆར་གཞི་》ཞེས་བསྡུ་རྒྱུ)བཟོས་ནས། རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་ཨོ་ལིམ་ཕིག་གི་སློབ་གསོ་དེ་སློབ་གྲྭའི་སློབ་གསོ་སློབ་ཁྲིད་ཀྱི་ནང་དོན་ནང་བཅུག་སྟེ་ཕྱོགས་བསྡུས་ལག་ལེན་བྱེད་སྒོའི་སློབ་ཚན་དང་། ལུས་རྩལ་སློབ་ཚན། ཀུན་སྤྱོད་སློབ་གསོའི་བྱེད་སྒོ་སོགས་ཀྱི་བྱེད་སྟངས་བརྒྱུད་ཨོ་ལིམ་ཕིག་གི་བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་དགོས་པ་དང་། ཆབས་ཅིག 2020ལོར་སླེབས་སྐབས་རྒྱལ་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་གངས་འཁྱགས་ལུས་རྩལ་གྱི་ཁྱད་ལྡན་སློབ་གྲྭ་2000དང་། 2025ལོར་སླེབས་སྐབས་ཁྱད་ལྡན་སློབ་གྲྭ་5000ཟིན་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ཨོ་ལིམ་ཕིག་གི་སློབ་གསོ་ནི་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་པོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། 《འཆར་གཞིའི་》ལས་འགན་གཙོ་བོའི་ནང། ཨོ་ལིམ་ཕིག་གི་སློབ་གསོ་དེ་སློབ་གྲྭའི་རྒྱུན་གཏན་གྱི་སློབ་གསོ་སློབ་ཁྲིད་ཀྱི་ལས་དོན་ནང་བཅུག་སྟེ་ཆ་རྐྱེན་འཛོམས་པའི་ཤར་རྒྱུད་ས་ཁུལ་གྱི་སློབ་གྲྭ་འབྲིང་ཆུང་དུ་གངས་འཁྱགས་རྣམ་གྲངས་ཀྱི་ལུས་རྩལ་སློབ་ཚན་བཀོད་སྒྲིག་དང་ལྷོ་རྒྱུད་ས་ཁུལ་གྱི་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ལ་གངས་འཁྱགས་ཐང་དང་གངས་འཁྱགས་ལུས་རྩལ་སྤྲོ་སྐྱིད་ཁང་འཛུགས་རྒྱུར་མཉམ་ལས་ཧུར་ཐག་བྱེད་རྒྱུར་བསྔགས་སྐུལ་བྱས་ནས་གཞོན་ནུ་ལོ་ཆུང་གི་གངས་འཁྱགས་ལུས་རྩལ་ཁྱབ་གདལ་དང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་དང་། དགུན་དུས་ཨོ་ལིམ་ཕིག་གི་སློབ་གསོའི་རིག་གནས་བྱེད་སྒོ་སྤེལ་ནས་བྱང་ཤར་དང་། ཀྲུང་ཧྭ་བྱང་རྒྱུད། ནུབ་བྱང་བཅས་ས་ཁུལ་དུ་གངས་འཁྱགས་ལུས་རྩལ་སློབ་གྲྭར་རིམ་སྤེལ་བྱེད་སྒོ་སྤེལ་བ་དང་། དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་སྒྲོག་འགྲེལ་ཚོགས་པ་བཙུགས་ནས་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་ཤེས་བྱ་སྒྲོག་འགྲེལ་བྱེད་པ། སློབ་གྲྭ་འབྲིང་ཆུང་གི་སློབ་མ་སྒྲིག་འཛུགས་བྱས་ཏེ་པེ་ཅིང་གི་2022ལོའི་དགུན་དུས་ཨོ་རྩལ་འགྲན་ཚོགས་དང་དགུན་དུས་དབང་སྐྱོན་ཨོ་རྩལ་འགྲན་ཚོགས་ཀྱི་བཀྲ་ཤིས་གཡང་རྟེན་དང་། དཔལ་འབར། འབོད་ཚིག་སོགས་བསྡུ་བའི་རིག་གནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ་བཅས་ཀྱི་ཐོག་ནས་སློབ་གྲྭ་འབྲིང་ཆུང་དུ“དགུན་དུས་ཨོ་རྩལ་འགྲན་ཚོགས”ཀྱི་རིག་གནས་ཐོག་མའི་དཔྱད་གཞི་བྱས་ནས་གཏོད་པའི་རོལ་དབྱངས་དུས་ཆེན་དང་། མཉམ་གཞས་དུས་ཆེན། ཟློས་གར་དུས་ཆེན་སོགས་ཀྱི་སྒྱུ་རྩལ་བྱེད་སྒོ་སྤེལ་རྒྱུ། དགུན་དུས་ལུས་རྩལ་རྣམ་གྲངས་ཀྱི་རིམ་སྤེལ་འགྲན་བསྡུར་བྱེད་སྒོ་ཧུར་ཐག་སྤེལ་བ་དང་། གཞོན་ནུ་ལོ་ཆུང་གི་གངས་འཁྱགས་དབྱར་སྒར་དགུན་སྒར་དང་གཞོན་ནུ་ལོ་ཆུང་གི་སྤྱི་ཕན་གངས་འཁྱགས་རིམ་སྤེལ་སོགས་ཀྱི་བྱེད་སྒོ་སྤེལ་བ། སློབ་གྲྭར་གངས་ཤུད་ར་བ་དང་། འཁྱགས་ཤུད་ཁང་། གངས་འཁྱགས་ལུས་རྩལ་སྤྲོ་སྐྱིད་ཁང་། གངས་འཁྱགས་གསོ་སྦྱོང་སྒྲིག་གཞི། དེ་བཞིན་འབྲེལ་ཡོད་སྤྱི་ཚོགས་སྒྲིག་གཞི་བཅས་དང་མཉམ་ལས་བྱས་ཏེ་དགུན་དུས་ལུས་རྩལ་རྩལ་ནུས་སློབ་ཚན་འཛུགས་རྒྱུར་བསྔགས་སྐུལ་དང་རྒྱབ་སྐྱོར་ཧུར་ཐག་བྱེད་པ། ཆ་རྐྱེན་འཛོམས་པའི་སློབ་གྲྭར་རྒྱུན་གཏན་ཅན་གྱི་སློབ་གྲྭའི་དགུན་དུས་ལུས་རྩལ་འགྲན་བསྡུར་ལམ་སྲོལ་འཛུགས་རྒྱུར་སྐུལ་ལྕག་བྱེད་པ། དགུན་དུས་ལུས་རྩལ་འགྲན་ཚོགས་སམ་ཡང་ན་དགུན་དུས་ལུས་རྩལ་དུས་ཆེན་གཉེར་བ། དམིགས་བསལ་སློས་གསོའི་སློབ་གྲྭར་སྤོ་ལོ་རྐང་འོག་ཏུ་མནན་ནས་འཁྱགས་ཤུད་གློད་པ་དང་། འཁྱགས་ཤུད་ལད་ཟློས། གངས་ལྷམ་གྱོན་ནས་སྐྱོད་པ། འཁོར་ཤུད་སོགས་དབང་སྐྱོན་སློབ་མ་དང་འཚམ་པའི་གངས་འཁྱགས་གམ་ཡང་ན་འཁྱགས་ཟློས་དང་། གངས་ཟློས་ལུས་རྩལ་རྣམ་གྲངས་ཀྱི་སློབ་ཚན་བཀོད་སྒྲིག་བྱ་རྒྱུ་བཅས་ཚུད་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།