འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་གློག་འཕྲིན་བཏང་།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་18ཉིན། 10:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་17ཉིན་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ལ་རྟེན་འབྲེལ་གློག་འཕྲིན་བཏང་ནས་ཞི་ཅིན་ཕིང་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད།
          ཕུའུ་ཅིང་གིས་རྟེན་འབྲེལ་གློག་འཕྲིན་ནང་སྐུ་ཉིད་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཀྲུའུ་ཞིར་བདམས་ཐོན་བྱུང་བར་སྙིང་ཐག་པ་ནས་རྟེན་འབྲེལ་ཞུ་རྒྱུ་ཡིན། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་ཐོག་གནང་བའི་གཏན་འབེབས་དེ་ལས་སྐུ་ཉིད་ཀྱི་བླ་ན་མེད་པའི་སྙན་གྲགས་བསྐྱར་དུ་ར་སྤྲོད་བྱས་ཡོད་ལ་སྐུ་ཉིད་ཀྱིས་རྒྱལ་ཁབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་མྱུར་པོ་ཡོང་བར་སྐུལ་འདེད་བཏང་བ་དང་རྒྱལ་སྤྱིའི་གར་སྟེགས་ཐོག་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་ཆེད་ཕུལ་བའི་ལེགས་སྐྱེས་ལ་ཁས་ལེན་གནང་བ་ཞིག་ཀྱང་རེད། ཚད་གཞི་ངེས་ཅན་ཐོག་ནས་བཤད་ན། ཁྱེད་སྐུ་ངོ་མས་སྐུལ་འདེད་བཏང་བ་ལས་ཨུ་རུ་སུ་དང་ཀྲུང་གོའི་འབྲེལ་བ་ཉེ་བའི་ལོ་ཤས་རིང་སྔར་བྱུང་མ་མྱོང་བའི་མཐོ་ཚད་དུ་སླེབས་ཡོད། དེ་ཐོག་ནས་མཛའ་གྲོགས་ཆེ་བའི་ཨུ་རུ་སུ་དང་ཀྲུང་གོའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་བདེ་སྐྱིད་ཆེ་རུ་གཏོང་བ་དང་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེ་མོ་དང་འཛམ་གླིང་ཡོངས་ཀྱི་བདེ་འཇགས་དང་བརྟན་ལྷིང་ཐད་སྐུལ་མ་གཏོང་ཐུབ་ངེས་རེད། མཇུག་ཏུ་སྐུ་ཉིད་སྐུ་གཟུགས་གསལ་ཐང་དང་བསམ་དོན་ལྷུན་གྲུབ་ཡོང་རྒྱུ་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་ལས་གནས་གལ་ཆེན་ཐོག་གྲུབ་འབྲས་གསར་པ་ཟམ་མི་ཆད་པར་ཐོབ་རྒྱུའི་སྨོན་འདུན་བཟང་པོ་ཞུ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།