འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཆུ་བེད་པུའི་པུའུ་ཀྲང་ཁྲེན་ལེ་འདི་ལོའི་ནང་ཚུན་དུ་ཆུ་དཔོན་ལམ་ལུགས་དང་མཚེའུ་
    དཔོན་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་དགོས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 16:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཆུ་བེད་པུའི་པུའུ་ཀྲང་ཁྲེན་ལེ་ཡིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་གི་བགྲོད་ལམ”ཐོག་ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ལ་སྤྱི་འདོམས་སྐུལ་འདེད་གཏོང་ཤུགས་སྔར་བས་ཆེ་རུ་བཏང་ནས་འདི་ལོའི་ཟླ་དྲུག་པའི་ཟླ་མཇུག་གོང་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་པ་དང་ལོ་མཇུག་གོང་མཚེའུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་འཛུགས་རྒྱུ་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད།
         ཆུ་དཔོན་ལམ་ལུགས་དང་མཚེའུ་དཔོན་ལམ་ལུགས་ནི་རང་རྒྱལ་གྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་གི་སྒྱུར་བཅོས་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། ཁྲེན་ལེ་ཡིས་མིག་སྔར་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། རྒྱལ་ཡོངས་ཀྱི་ཞིང་ཆེན་25རུ་ཆུ་དཔོན་ལམ་ལུགས་བཙུགས་ཡོད་པ་དང་ཞིང་ཆེན་དང་། གྲོང་ཁྱེར། རྫོང་། ཤང་བཅས་རིམ་བཞིའི་ཆུ་དཔོན་ཁྲི་32གཏན་འཁེལ་བྱས་པའི་ནང་ཞིང་ཆེན་རིམ་པའི་ཆུ་དཔོན་336དང་མི་55ཡིས་སྤྱི་ཁྱབ་ཆུ་དཔོན་གྱི་འགན་གཅིག་ལྕོགས་འཁུར་གྱི་ཡོད་ཅེས་གསུངས་པ་རེད།
    ཁྲེན་ལེ་ཡིས“ཆུ་རྒྱུན་མང་པོ་ཞིག་དོ་དམ་བྱེད་མཁན་མེད་པ་ནས་ཡོད་པའི་བར་དང་། ཕྱོགས་མང་དོ་དམ་ནས་གཅིག་གྱུར་དོ་དམ་བར། དོ་དམ་ཡག་པོ་མི་བྱེད་པ་ནས་དོ་དམ་ཡག་པོ་བྱེད་པའི་བར”རིམ་ཁག་ཆུ་དཔོན་གྱིས་སྣེ་ཁྲིད་དེ་གཙང་པོར་སྐོར་ཞིབ་ཀྱི་ཆེད་དོན་བྱ་སྤྱོད་སྤེལ་བ་བརྒྱུད། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱེད་པ་དང་དོ་དམ་ལམ་སྲོལ་འཐུས་ཚང་དུ་བཏང་བས་སྤྱི་ཚོགས་ཡོངས་ཀྱིས་ཆུ་བོ་དང་མཚེའུ་ལ་དོ་ཁུར་བྱེད་པའི་རྣམ་པ་ཞིག་སྤྱིར་ན་ཆགས་པ་མ་ཟད། ཆུ་བོ་དང་མཚེའུ་ཡི་རྣམ་པར་འགྱུར་ལྡོག་ཀྱང་ཆེན་པོ་བྱུང་ཡོད་ཅེས་གསུངས་པ་རེད།
         ཁྲེན་ལེ་ཡིས་ཆུ་དཔོན་ལམ་ལུགས་ལས་དོན་དོན་ཐོག་ཏུ་འཁྱོལ་བ་བྱ་ཆེད། ན་ནིང་ལྟ་སྐུལ་ཞིབ་བཤེར་ཆེ་གྲས་ཐེངས་གསུམ་བྱས་ཏེ་ཤེས་རྟོགས་བྱུང་བའི་གནད་དོན་དག“ཞིང་ཆེན་གཅིག་ལ་ཤོག་བྱང་གཅིག”གི་རྣམ་པའི་ཐོག་ནས་ས་ཁུལ་ཁག་ལ་ཐད་ཀར་ལྡོག་འདྲེན་བྱས་པས་ས་ཁུལ་ཁག་གིས་དག་ཐེར་ནན་ཏན་བྱས་ཡོད། ཉེ་ཆར་ད་དུང་ཕྱོགས་ཡོངས་དང་གཏིང་ཟབ་པའི་ལྟ་སྐུལ་ཞིབ་བཤེར་བྱེད་དགོས་ཞེས་ངོ་སྤྲོད་གནང་བ་རེད།
         “རྒྱལ་ཡོངས་སུ་ད་ལྟའི་ཆུ་ཁོངས་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་གཅིག་ཡན་གྱི་མཚེའུ་ཁྱོན་2865ཡོད་པ་དང་མིག་སྔའི་བར་མཚེའུ་2180ལ་མཚེའུ་དཔོན་ལམ་ལུགས་བཙུགས་ཡོད། ཆུ་བེད་པུས་འབྲེལ་ཡོད་པུའུ་ཨུད་དང་ས་གནས་སྲིད་གཞུང་དང་མཉམ་དུ་ཕྱོགས་ཡོངས་ནས་ཆུ་དཔོན་ལམ་ལུགས་ལག་བསྟར་བྱེད་བཞིན་ཡོད”ཅེས་ཁྲེན་ལེ་ཡིས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།