འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲང་མའོ་ལོ་མཇུག་གོང་ཚོང་རྟགས་ཞིབ་དཔྱད་
    ཀྱི་དུས་འཁོར་ཟླ་བ་དྲུག་བར་ཐུང་དུ་གཏོང་རྒྱུ་རེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་14ཉིན། 16:01】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར། ཁེ་ལས་ཀྱིས་དོ་ཁུར་བྱེད་པའི་ཚོང་རྟགས་ཐོ་འགོད་ཀྱི་དུས་འཁོར་རིང་བའི་གནད་དོན་ལ་དམིགས་ཏེ། རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲང་མའོ་ཡིས་མི་དམངས་ཚོགས་ཁང་ཆེ་མོའི“པུའུ་ཀྲང་གི་་བགྲོད་ལམ”ཐོག་འདི་ལོའི་ལོ་མཇུག་གོང་ཚོང་རྟགས་ཞིབ་དཔྱད་ཀྱི་དུས་འཁོར་མིག་སྔའི་ཟླ་བ་བརྒྱད་ནས་ཟླ་བ་དྲུག་བར་ཐུང་དུ་གཏོང་རྒྱུ་རེད་ཅེས་གསུངས་པ་རེད།
         ཁྲོམ་རའི་ཐོག་གི་ཁྲོམ་རའི་བྱེད་པོ་མང་དུ་ཤུགས་ཆེན་སོང་བ་དང་ཆབས་ཅིག་ཁེ་ལས་ཀྱིས་ཚོང་རྟགས་དང་སྤུས་རྟགས་ལ་མཐོང་བྱེད་ཤུགས་ཀྱང་སྔར་བས་ཆེ་རུ་འགྲོ་གི་ཡོད། འདི་ལོའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཚོང་རྟགས་ཐོ་འགོད་ཀྱི་དུས་ཡུན་ཇེ་ཐུང་དུ་གཏོང་རྒྱུ་རེད་ཅེས་འཁོད་ཡོད་པ་རེད།
    ཀྲང་མའོ་ཡིས་2017ལོར་རང་རྒྱལ་དུ་ཚོང་རྟགས་ཐོ་འགོད་ཀྱི་འདུན་ཞུ་བྱེད་ཚད་ཁྲི་574ཟིན་ནས་55%འཕར་བ་དེས་འཛམ་གླིང་ཡོངས་ཀྱི་ཚོང་རྟགས་འདུན་ཞུ་བྱེད་ཚད་ཀྱི་80%བཟུང་ཡོད། འདི་ལོ་ཚོང་རྟགས་ཐོ་འགོད་སྟབས་བདེ་ཅན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུ་དེ་གློད་སྡོམ་ཞབས་གསུམ་ལས་དོན་གྱི་གཙོ་གནད་ལ་བརྩིས་ནས་ཞབས་ཞུའི་ཁེ་ལས་ཀྱི་འདུ་ཤེས་སྔར་བས་བརྟན་པོ་འཛུགས་དགོས་ཞེས་གསུངས་པ་རེད།
         སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་བརྟན་པོའི་སྒོ་ནས་འཕར་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་པར་དམིགས་ཏེ། ཀྲང་མའོ་ཡིས་རྒྱལ་ཡོངས་སུ་ཕྱི་རྒྱལ་གྱི་ཚོང་པས་མ་འཇོག་བྱས་པའི་ཁེ་ལས་ཀྱི་ཚོང་དོན་ཐོ་འགོད་དང་བཟོ་ཚོང་ཐོ་འགོད་ཐད“སྐར་ཁུང་གཅིག་དང་རེའུ་མིག་གཅིག”རྣམ་པའི་བདག་སྤྲོད་བྱེད་སྟངས་ཁྱབ་གདལ་བཏང་ནས་ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་ཁྱབ་ཁོངས་ཀྱི་གློད་སྡོམ་ཞབས་གསུམ་གྱི་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་རྩིས་ཡོད་ཅེས་ཕྱིར་བསྒྲགས་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།