འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྱེད་ཀྱིས་དཔྱིད་གསར་སྐྱེལ་འདྲེན་ལ་བག་ཆགས་གསར་པ་ཡོང་བར་ངེས།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་06ཉིན། 15:27】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། 2018ལོར་དཔྱིད་གསར་གྱི་སྐྱེལ་འདྲེན་བྱེད་འགོ་ཚུགས་པ་དང་། མི་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་ཁྱིམ་དུ་ལོག་པའི་ལམ་དུ་ཆས། ད་ལོའི་དཔྱིད་གསར་ལ། ང་ཚོའི་ཉེ་འཁོར་དུ"བསམ་འདས་ཚན་རྩལ"ཐོན་ཡོད་དེ། ངོ་སྟོན་མི་འཚོལ་དང་། མཁའ་དབྱིངས་WiFi  ལམ་འདྲེན་འཕྲུལ་མི། “བློ་རིག་ཀྱི་དཔྱིད་གསར”སོགས་ནི་ད་ལོའི་ཐ་སྙད་གསར་པར་གྱུར་པ་རེད། ལག་རྩལ་གསར་པ་འདི་ཚོས་ཕ་ཡུལ་ལ་ལོག་འདོད་ཆེ་བའི་མི་རྣམས་ལ་དགའ་བ་ཕྲན་བུ་ཡང་ཡང་སྟེར་བ་མ་ཟད། སྟབས་བདེ་མང་པོ་ཞིག་ཀྱང་བསྐྲུན་ཡོད་པ་རེད། 
         "ངོ་སྟོན"ལས་གནས་ཡུལ་གསར་པ་ཞིག་འཆར་ཞིང་། ས་ཚིགས་སུ་བསྐྱོད་ནས་ལྟ་ཆས་ལས་གཅིག་ཀྱང་མ་ལུས་པ་ལྟ་བཤེར་བྱེད་ཐུབ།
        "ངོ་སྟོན"ས་ཚིགས་སུ་བསྐྱོད་པ་ནི་ཕལ་ཆེར་མི་ཡོངས་ཀྱིས་ཤེས་གསལ་ཞིག་ཡིན་པ་རེད། 2017ལོའི་དཔྱིད་གསར་དུས་ཆེན་གྱི་སྐབས་ནས་བེད་སྤྱད་པ་རེད། ད་ལོར་ནུས་པ་འདི་ས་ཆ་མང་པོ་ཞིག་ལ་བེད་སྤྱོད་རྒྱུ་ཡིན་པ་རེད། ད་ལོ་དང་མི་འདྲ་བའི་ཡུལ་ནི་ས་ཆ་འགའ་ཤས་སུ"ངོ་སྟོན"གྱི་རིམ་པ་སྤར་ཡོད་པ་རེད། དེས་བོར་བརླག་སོང་བའི་གཉེན་ཉེ་ཚོར་མི་ངོའི་པར་སྤྱི་སྟེགས་སུ་བསྡུས་ནས།  བོར་བརླག་སོང་བའི་བྱིས་པ་དང་རྒན་རྒོན་ཚོ་ལྟ་ཆས་ནང་ཁུལ་ནས་འཚོལ་ཐུབ་ཀྱི་ཡོད། 
        འཕྲུལ་མི་ཆུང་ངུས་ཁ་བརྡ་བྱེད་ཐུབ་ཅིང་ལམ་སྣེ་འདྲེན་ཐུབ་ལ། ཁྱེད་རང་ཡིད་ལའང་ངེས་ཐུབ།
         ལམ་སྣེ་འདྲེན་པའི་འཕྲུལ་མི་ནི་ད་ལོའི་དཔྱིད་གསར་སྐྱེལ་འདྲེན་གྱི་བཀྲག་ཆེ་ས་ཞིག་རེད། ཐའེ་ཡོན་མེ་འཁོར་འབབ་ཚུགས་ཀྱི“ཞའོ་ཡོན”ནི་འཕྲུལ་མི་འདི་འདྲ་ཞིག་ཡིན་ཏེ། དེས་མིར་བརྟེན་ནས་མི་ངོ་ཆོད་པར་བྱེད་པའི་ལག་རྩལ་སྟེ"ངོས་ཆོད"ལག་རྩལ་ཡིན་པ་དེ་མིའི་མདུན་དུ་བཞག་ནས། ཞབས་ཞུ་མཁོ་འདོན་བྱེད་པ་ཞིག་རེད། ཞའོ་ཡོན་དང་ཐོག་མར་ཐུག་སྐབས། རང་ཉིད་དམ་གཞན་གྱིས་འགྲུལ་པའི་ཆ་འཕྲིན་ངོ་སྤྲོད་བྱས་པ་བརྒྱུད། འགྲུལ་པའི་ཆ་འཕྲིན་ཞའོ་ཡོན་གྱི་མཛོད་དུ་བཅུག་པ་དང་། རྗེས་མར་འགྲུལ་པ་དེ་ཞའོ་ཡོན་དང་ཐུག་དུས་ཞའོ་ཡོན་གྱིས་རང་འགུལ་ངང་ཁ་ཡ་བྱེད་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།