འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།2017ལོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་ཀྱི་རིན་ཐང་སྒོར་དུང་ཕྱུར་ཁྲི་7.8ཟིན་པ།

    རྒྱ་མཚོའི་ལས་དོན་ཐད“ཐོག་མ”མང་པོ་བྱུང་བ། 

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་23ཉིན། 10:48】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་1ཚེས་21ཉིན་རྒྱལ་ཁབ་རྒྱ་མཚོ་ཅུས་ཀྱི་ཅུས་ཀྲང་ཝང་ཧུང་གིས་ཚོད་རྩིས་ལྟར་ན། 2017ལོར་རང་རྒྱལ་གྱི་རྒྱ་མཚོའི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་7.8ཟིན་པ་དང་སྦྲགས་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་མང་པོ་ཞིག་གི་ནང་རྒྱ་མཚོའི་ལས་དོན་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཅེས་བསྟན་པ་རེད།
         ཝང་ཧུང་གིས་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ལས་དོན་ཚོགས་འདུའི་ཐོག་ལོ་ལྔའི་རིང་རྒྱལ་ཡོངས་ཀྱི་རྒྱ་མཚོའི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ལོ་རེར་ཆ་སྙོམས་འཕར་ཚད་7.5%རྒྱུན་འཁྱོངས་བྱུང་བ་དེས། རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་10%ཙམ་བཟུང་ཡོད་ཅེས་བཤད་པ་རེད།
         ཁོང་གིས་རྒྱ་མཚོའི་དཔལ་འབྱོར་འཕར་བའི་སྤུས་ཚད་མཐོ་རུ་ཧུར་ཐག་བཏང་སྟེ་2020ལོར་སླེབས་སྐབས་རྒྱ་མཚོའི་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་10ཟིན་པ་བྱ་རྒྱུ་དང་2035ལོར་སླེབས་སྐབས་རང་རྒྱལ་གྱི་རྒྱ་མཚོའི་དཔལ་འབྱོར་གྱི་བསྡོམས་འབོར་དེས་རྒྱལ་ནང་ཐོན་སྐྱེད་ཀྱི་རིན་ཐང་བསྡོམས་འབོར་ནང་བཟུང་བའི་བསྡུར་ཚད་15%ཡས་མས་ཟིན་ཐུབ་པའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བཤད་པ་རེད།
         2017ལོར་ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་འགའ་ཞིག་ནང་རང་རྒྱལ་གྱི་རྒྱ་མཚོའི་ལས་དོན་ལ་འཕེལ་རྒྱས་བྱུང་བ་དང་། རྒྱ་མཚོའི་འཐབ་ཇུས་དང་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་རྒྱུའི་ལས་འགན་ཆེན་པོ་མང་པོ་ཞིག་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ། སྔོན་མདོག་གི་རོགས་ཟླའི་འབྲེལ་བ་འཛུགས་རིང་གོམ་སྟབས་བརྟན་པོ་སྤོས་པ་མ་ཟད། ད་དུང་རྒྱ་མཚོའི་ལས་དོན་ཐད“ཐོག་མ”མང་པོ་ཞིག་ཀྱང་བྱུང་ཡོད་པ་རེད།
        རྒྱ་མཚོར་ལྟ་ཞིབ་བྱ་རྒྱུའི་ལས་དོན་དེ་དུས་བཀག་བཞིན་ལེགས་གྲུབ་ཐོག་མ་བྱུང་ཞིང་། རྒྱལ་ཁབ་རྒྱ་མཚོ་ལྟ་ཞིབ་ཚོགས་ཆུང་གིས་ཁག་གཉིས་སུ་བགོས་ཏེ་མཚོ་རྒྱུད་ཀྱི་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་11ལ་རྒྱ་མཚོ་སྐོར་བསུབ་སྐོར་གྱི་ཆེད་དོན་ལྟ་ཞིབ་ལས་དོན་སྤེལ་བ་དང་རྒྱ་མཚོ་སྐོར་བསུབ་སྐོར་གྱི་དོ་དམ་ཐད་ལྷག་པའི“སྒྲིག་ལམ་མེད་པ་དང་། ཚད་གཞི་མེད་པ། དོ་སྙོམས་མེད་པ”སོགས་ཀྱི་གནད་དོན་དམིགས་སུ་བཀར་ནས་བཤེར་འདོན་དང་ཐག་གཅོད་བྱས་ཡོད་པ་རེད།
         རྒྱལ་ཡོངས་ཀྱི་མཚོར་དབྱུགས་སྐམ་སའི་སྦགས་བཙོག་ཡོང་ཁུངས་ཁྱབ་ཚུལ་མཐིལ་རྟོགས་ཐོག་མ་བྱས་ནས་མཚོར་དབྱུགས་སྦགས་བཙོག་གཏོང་སྒོ་ཁྱོན་ཡོངས་ནས་གཙང་བཤེར་བྱས་པ་རེད། གྲལ་བཤེར་རགས་ཙམ་བྱས་པའི་གྲུབ་འབྲས་ལས་མངོན་པར། རྒྱལ་ཡོངས་ཀྱི་སྐམ་ས་ནས་རྒྱ་མཚོའི་ནང་འབུད་པའི་སྦགས་བཙོག་ཡོང་ཁུངས་9600ཡོད་པའི་ནང་མཚོར་དབྱུགས་སྦགས་བཙོག་གཏོང་སྒོ་7500ལྷག་ཙམ་ཡོད། མཐིལ་རྟོགས་ཐོག་མ་བྱས་པ་བརྒྱུད་མཚོ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།