འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།མཐོ་རིམ་སློབ་འབྲིང་དུ་ངག་སྐྱོར་བྱ་དགོས་པའི་གནའ་བོའི་སྙན་ངག་འོས་སྦྱོར་དཀར་ཆག་
    72སུ་འཕར་སྣོན་བཏང་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་17ཉིན། 16:33】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སློབ་གསོ་པུའུ་ཡིས་དག་བཅོས་གསར་པ་བྱས་པའི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཚན་གྱི་ཇུས་གཞི་དང་སློབ་ཚན་གྱི་ཚད་གཞི་དངོས་སུ་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གསོ་དང་སྲོལ་རྒྱུན་སློབ་གསོ་གསར་བརྗེའི་གཏོང་ཤུགས་ཇེ་ཆེར་གཏོང་རྒྱུ་དེ་སློབ་ཚན་གྱི་ཚད་གཞི་དག་བཅོས་བྱ་རྒྱུའི་གཙོ་གནད་ཆེ་བར་གྱུར་ཡོད་པ་དང་། ངག་སྐྱོར་བྱ་དགོས་པའི་གནའ་བོའི་སྙན་ངག་འོས་སྦྱོར་དཀར་ཆག་72སུ་འཕར་སྣོན་བཏང་བ་རེད།
         ཚེས་16ཉིན་འཚོགས་པའི་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུའི་ཐོག་སློབ་གསོ་པུའུ་ཡི་རྨང་གཞི་སློབ་གསོའི་སློབ་ཚན་སློབ་དེབ་ཆེད་མཁས་ལས་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་ཝང་ཀྲན་གྱིས་ངོ་སྤྲོད་བྱས་ཏེ། དག་བཅོས་གསར་པ་བྱས་པའི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཚན་གྱི་ཇུས་གཞི་ཡིས་སློབ་ཚན་གྱི་གྲུབ་ཆ་ལེགས་སུ་གཏོང་བ་དང་། སློབ་ཚན་གྱི་རྣམ་གྲངས་དེ་ཉིད་ངེས་པར་སྦྱོང་དགོས་པའི་སློབ་ཚན་དང་། འདེམས་གསེས་རང་བཞིན་གྱི་ངེས་པར་སྦྱོང་དགོས་པའི་སློབ་ཚན། འདེམས་གསེས་སློབ་ཚན་བཅས་སུ་ལེགས་སྒྲིག་བྱས་པས། རྨང་གཞིའི་རང་བཞིན་འགན་ལེན་བྱས་ཡོད་ལ། འདེམས་གསེས་རང་བཞིན་ལའང་ལྟ་རྟོག་བྱས་ཡོད་ཅེས་བཤད་པ་རེད།
          སློབ་ཚན་གྱི་ཚད་གཞིའི་ཐད་རིག་གཞུང་ཚན་ཁག་གིས་རང་ཉིད་ཀྱི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ཀྲུང་ཧྭ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སློབ་གསོ་དང་སྲོལ་རྒྱུན་སློབ་གསོ་གསར་བརྗེའི་གཏོང་ཤུགས་ཇེ་ཆེར་བཏང་བ་རེད། 
          རྒྱ་ཡིག་སློབ་ཚན་གྱི་ཚད་གཞིའི་ནང་དུ་ཀྲུང་གོའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཐད་ཀྱི་ནང་དོན་ནི་ངེས་པར་སྦྱོང་དགོས་པ་དང་འདེམས་གསེས་རང་བཞིན་གྱི་ངེས་པར་སྦྱོང་དགོས་པ།འདེམས་གསེས་སྦྱོང་བ་བཅས་ཆ་ཤས་ཁག་ཏུ་ཁྱབ་ཡོད་པ་རེད། “སློབ་ཚན་ཚུགས་སྐབས་དང་སློབ་གསེང་གི་ཀློག་དེབ་འོས་སྦྱོར”བྱས་པའི་ཆ་ཤས་སུ་སྔོན་མ་ཡོད་པའི་《ཁུང་ཙིའི་གསུང་སྒྲོས》《论语》དང་། 《མེང་ཙིའི་གཞུང་》《孟子》 《ཀྲོང་ཙིའི་གཞུང་》《庄子》བཅས་ཕུད། ད་དུང་《ལའོ་ཙིའི་གཞུང་》《老子》དང་《ཧྲི་ཅི་དེབ་ཐེར་》《史记》སོགས་རིག་གནས་གསུང་རབ་བཀའ་རྩོམ་གསར་སྣོན་བྱས་ཤིང་། སློབ་མ་ཚོར་ཆིན་རྒྱལ་རབས་གོང་གི་དུས་སྐབས་ནས་མིང་ཆིང་རྒྱལ་རབས་དུས་མཇུག་བར་གྱི་དུས་སྐབས་ཁག་ཏུ་བརྩམས་པའི་གནའ་བོའི་སྙན་ངག་རིགས་ཁག་ཡོངས་ཁྱབ་ཏུ་ཀློག་འདོན་བྱ་དགོས་པའི་བླང་བྱ་བཏོན་པ་རེད། དེ་དང་དུས་མཚུངས་སུ་སློབ་ཚན་གྱི་ཚད་གཞི་གསར་པའི་ནང་དུ"སློབ་ཚན་ཚུགས་སྐབས་ཀློག་འདོན་བྱ་དགོས་པའི་དཔེ་དེབ་དཀར་ཆག་ནང་དུ་ཀྲུང་གོ་གནའ་བོའི་ཕུལ་བྱུང་བརྩམས་ཆོས་ཀྱིས་1/2ཟིན་ཡོད་པ"གཏན་འབེབས་ཁ་གསལ་བྱས་ཡོད་པ་དང་།  སྔོན་མའི་ཚད་གཞིའི་ནང"ཀློག་འདོན་བྱ་དགོས་པའི་འོས་སྦྱོར་དཀར་ཆག"དེ"ངག་སྐྱོར་བྱ་དགོས་པའི་གནའ་བོའི་སྙན་ངག་འོས་སྦྱོར་དཀར་ཆག"དུ་བསྒྱུར་ཡོད་པ་རེད། འོས་སྦྱོར་དཀར་ཆག་གི་ཁ་གྲངས་ཀྱང་སློབ་ཚན་སྙན་ངག་14ནས་སྙན་ངག་72སུ་འཕར་སྣོན་བཏང་ཡོད་པས། སློབ་སྦྱོང་གི་བླང་བྱ་ཇེ་མཐོར་བཏང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།