འཚོལ་བཤེར།   
藏文频道
2018ལོའི་ཟླ་1ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།གངས་ལྗོངས་མཐོ་སྒང་ཁུལ་དུ་དཔྱིད་ཀྱི་དཔལ་ཡོན་རྒྱས། གོ་སྐབས་དམ་འཛིན་བྱས་ནས་གོམ་
    ཆེན་མདུན་དུ་སྤོ།

    དུས་རབས་གསར་པར་རྒྱང་སྐྱོད་གསར་པ་བྱེད་པར་བརྩོན། ཚོགས་ཆེན་བཅུ་དགུ་པ་ཡི་དགོངས་དོན་གཤམ་འཕྲོད་བྱེད།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 01ཚེས་11ཉིན། 15:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ཚེ་རིང་དབྱངས་ཅན་གྱིས་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ།
    ཚེ་རིང་དབྱངས་ཅན་གྱིས་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ།
          2017ལོའི་ཟླ་11ཚེས་9ཉིན་ནས་བཟུང་། བོད་ལྗོངས་ཀྱིས"ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དེ་ངོ་ཐུག་གདོང་འཕྲད་ཀྱིས་སྒྲོག་འགྲེལ་དང་གནས་ངེས་ཀྱིས་ཁྱིམ་ཚང་རེ་རེ་བཞིན་ལ་སྤེལ་བ"ཞེས་པའི་སྒྲོག་འགྲེལ་བྱེད་སྒོ་གཏིང་ཟབ་སྤེལ་བ་རེད། སྒྲོག་འགྲེལ་མི་སྣ་116ཡོད་པ་ཚོགས་པ་བརྒྱད་དུ་བགོས་ཏེ་རང་སྐྱོང་ལྗོངས་(འབྲིང་རིམ་)ཐད་གཏོགས་ལས་ཁུངས་དང་ས་ཁུལ་གྲོང་ཁྱེར་བཅས་བདུན་དུ་སྒྲོག་འགྲེལ་རབ་དང་རིམ་པ་བྱས་ནས་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་གཞི་རིམ་དུ་འབྱོར་བ་དང་། མང་ཚོགས་ཀྱིས་ཤེས་པ། དམངས་སེམས་སུ་ཟུག་པ་བཅས་བྱས་པ་རེད།
         བསྡོམས་རྩིས་བརྒྱབ་པ་ལྟར་ན། ད་ལྟ་བར་དུ། བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་སྒྲོག་འགྲེལ་ཚོགས་པས་ས་ཁུལ་(གྲོང་ཁྱེར་)བདུན་དང་། རྫོང་(ཆུས་)74  ནུས་ལྡན་ཁུལ་(ཁུང་ཀང་གྲོང་གསར་དང་སྣེའུ་གྲོང་གསར་)གཉིས། ཤང་(གྲོང་རྡལ་དང་། སྲང་ལམ་གཞུང་དོན་ཁང་)697བཅས་སུ་སྒྲོག་འགྲེལ་བྱས་ཤིང་། ས་ཁུལ་(གྲོང་ཁྱེར་)དུ་སྒྲོག་འགྲེལ་ཁེབས་ཚད་100%དང་རྫོང་(ཆུས་)ལ་སྒྲོག་འགྲེལ་ཁེབས་ཚད་100% ཤང་གྲོང་དུ་སྒྲོག་འགྲེལ་ཁེབས་ཚད་100%བཅས་ཟིན་པ་རེད།
    【1】  【2】  【3】
    ཉིང་ཁྲི་གྲོང་ཨུ་ཧྲུའུ་ཅི་ཡིས་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ།
    ཉིང་ཁྲི་གྲོང་ཨུ་ཧྲུའུ་ཅི་ཡིས་མང་ཚོགས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་བྱེད་པ།
      

    ཕྱོགས་བསྡུས་གསར་འགྱུར།