འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་ཐེ་ཁི་སཱ་སི་མངའ་སྡེ་ཡི་ཆོས་ཁང་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་
    མཐར་ཡང་མི་27གྲོངས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 11:01】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཨ་རིའི་ཐེ་ཁི་སཱ་སི་མངའ་སྡེ་ཡི་ཆོས་ཁང་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་
མཐར་ཡང་མི་27གྲོངས་ཡོད་པ།
          མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན། ཨ་རིའི་ཐེ་ཁི་སཱ་སི་(Texas)མངའ་སྡེའི་ལྷོ་རྒྱུད་ཀྱི་གྲོང་རྡལ་ས་སའེ་ལན་སི་ཕུ་ལིན་སིའི་ཆོས་ཁང་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ཞིག་བྱུང་བ་རེད། ཉེན་རྟོག་ཕྱོགས་ཀྱིས་ས་གནས་དེ་གའི་སྨྱན་སྦྱོར་ལ་ར་སྤྲོད་བྱས་པ་ལྟར་ན། མེ་མདའ་བརྒྱབ་སྟེ་ཉུང་མཐར་ཡང་མི་27གྲོངས་ཡོད་པ་དང་། མི་མང་པོ་ཞིག་རྨས་སྐྱོན་ཕོག་ཡོད་པ་རེད།
         ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱིས་ཉུང་མཐར་ཡང་མི་27ཉིན་དེའི་ཆོས་ཁང་དུ་མེ་མདའ་བརྒྱབ་པའི་དོན་རྐྱེན་ནང་གྲོངས་པ་དང་། གཞན་ད་དུང་མི་མང་པོ་ཞིག་རྨས་སྐྱོན་ཕོག་འདུག ཉེན་རྟོགས་ཕྱོགས་ཀྱིས་ཆོས་ཁང་དུ་ཕྱིན་ཏེ་མེ་མདའ་རྒྱག་མཁན་སྐྱེས་པ་དེ་བསད་པ་ཡིན་ཞེས་བརྗོད་པ་རེད།
         དོན་རྐྱེན་དངོས་སུ་མཐོང་མཁན་ཞིག་གིས་སྨྱན་སྦྱོར་བར། སྐྱེས་པ་ཞིག་ཉིན་དེའི་སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡས་མས་སུ་ཆོས་ཁང་དུ་ཡོང་ནས་ཆོས་ཁང་ནང་གི་མི་ཚང་མར་མེ་མདའ་བརྒྱབ་སོང་ཟེར།
         མིག་སྔར། དོན་རྐྱེན་བྱུང་ཡུལ་དུ་མྱུར་སྐྱོབ་མི་སྣ་དང་ཐད་འཕུར་གནམ་གྲུ་སོགས་འབྱོར་ཡོད་ལ། རྨས་མ་ཚོ་ཉེ་འཁོར་གྱི་སྨན་ཁང་དུ་སྐྱེལ་བཞིན་ཡོད་པ་རེད།
         ས་སའེ་ལན་སི་ཕུ་ལིན་སི་གྲོང་རྡལ་ནི་ཨ་རིའི་གྲོང་ཁྱེར་ཆེན་པོ་བཞི་པ་ཧོའུ་སི་ཐོན་(Houston)ནུབ་ཕྱོགས་ཀྱི་སྤྱི་ལེ་300ཡི་མཚམས་ན་ཡོད་པ་རེད།
    ༄༅།།ཨ་རིའི་ཐེ་ཁི་སཱ་སི་མངའ་སྡེ་ཡི་ཆོས་ཁང་ཞིག་ཏུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ་ཉུང་
མཐར་ཡང་མི་27གྲོངས་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།