འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བྱང་སྐར་ཕྱོགས་སྟོན"འཛམ་གླིང་དུས་རབས"སུ་བསྐྱོད་པ།

    "མདའ་གཅིག་སྐར་གཉིས"རྣམ་པའི་འཕེན་གཏོང་ལེགས་གྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བྱང་སྐར་ཕྱོགས་སྟོན'འཛམ་གླིང་དུས་རབས'སུ་བསྐྱོད་པ།
           མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་5ཉིན་གྱི་ཆུ་ཚོད་19དང་སྐར་མ་45སྐབས། རང་རྒྱལ་གྱི་ཞི་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་རྟགས་གསུམ་པའི་སྐྱེལ་འདྲེན་འཕུར་མདའ་ཁ་པས་"མདའ་གཅིག་སྐར་གཉིས་"རྣམ་པའི་ཨང་24པ་དང་25པའི་བྱང་སྐར་ཕྱོགས་སྟོན་སྲུང་སྐར་འཕེན་གཏོང་ལེགས་གྲུབ་བྱུང་བ་རེད། སྲུང་སྐར་འདི་གཉིས་ནི་སྒོར་མོ་ཅན་གྱི་སའི་གོ་ལའི་འཁོར་ལམ་ནང་གི་སྲུང་སྐར་དུ་གཏོགས་ལ། རང་རྒྱལ་གྱི་བྱང་སྐར་གསུམ་པ་དང་པོ་དང་གཉིས་པའི་ཆ་སྒྲིག་དྲ་བའི་སྲུང་སྐོར་ཡིན་པས། བྱང་སྐར་སྲུང་སྐར་ཕྱོགས་སྟོན་མ་ལག་གི་གོ་ལ་ཧྲིལ་པོའི་ཆ་སྒྲིག་དྲ་བའི་དུས་རབས་གསར་པའི་སྒོ་མོ་ཕྱེས་པ་རེད།
          སྲུང་སྐར་འཁོར་ལམ་དུ་འབྱོར་རྗེས། ཚོད་ལྟ་དང་དྲ་བར་ཞུགས་ནས་ར་སྤྲོད་བྱས་པས། ཕྱི་ཕྱོགས་ལ་ཞབས་ཞུ་མཁོ་འདོན་བྱས་ཆོག་པ་རེད། ཐེངས་འདིའི་བྱང་སྐར་གསུམ་པའི་གོ་ལ་ཧྲིལ་པོའི་ཆ་སྒྲིག་སྲུང་སྐར་འཕེན་གཏོང་ཐོག་མ་བྱས་པ་ལས། བརྟན་བདེའི་ངང་བྱང་སྐར་གསུམ་པའི་མ་ལག་གི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དང་། བྱང་སྐར་མ་ལག་གིས་མགྱོགས་མྱུར་ངང་གོ་ལ་ཧྲིལ་པོར་ཞབས་ཞུ་མགྱོགས་སུ་བཏང་ཡོད་པ་རེད། ཐེངས་འདིའི་ལས་འགན་ནས་བཟུང་སྟེ། རང་རྒྱལ་དུ་རེས་སྐོར་གསར་པའི་བྱང་སྐར་ཆ་སྒྲིག་དྲ་བའི་སྲུང་སྐར་མང་པོ་འཕེན་གཏོང་བྱ་རྒྱུ་སྟེ། 2018ལོའི་ལོ་མཇུག་བར་དུ། བྱང་སྐར་གསུམ་པའི་ཆ་སྒྲིག་དྲ་བའི་སྲུང་སྐར་18འཕེལ་གཏོང་བྱས་ཏེ"རྒྱུད་གཅིག་ལམ་གཅིག"འགྲམ་རྒྱུད་ཀྱི་རྒྱལ་ཁབ་ཚང་མར་ཁེབས་རྒྱུ་ཡིན་པ་དང་། 2020ལོར། ཆ་སྒྲིག་སྲུང་སྐར་30འཕེན་གཏོང་ལེགས་གྲུབ་བྱས་ནས་གོ་ལ་ཧྲིལ་པོར་ཞབས་ཞུ་བསྒྲུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།