འཚོལ་བཤེར།   
藏文频道
2017ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།རང་རྒྱལ་གྱིས"གོམ་སྟབས་གསུམ"ལ་ཕྱེ་ནས་བཟོ་ལས་དྲ་སྦྲེལ་འཕེལ་རྒྱས་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 11ཚེས་06ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
        མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་3ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་ཇུས་ཀྱི་འཆར་ཅན་བརྡ་གཏོང་ཚོགས་འདུའི་ཐོག་བཟོ་འཕྲིན་པུའི་པུའུ་ཀྲང་གཞོན་པ་ཁྲེན་ཀྲའོ་ཞུང་གིས་2025ལོ་དང་། 2035ལོ། དུས་རབས་འདིའི་དུས་དཀྱིལ་བཅས“གོམ་སྟབས་གསུམ”ལ་ཕྱེ་ནས་རང་རྒྱལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འཚམ་པའི་བཟོ་ལས་དྲ་སྦྲེལ་གྱི་སྣོད་བཅུད་མ་ལག་གཏོད་རྒྱུ་རེད་ཅེས་ངོ་སྤྲོད་བྱས།
        བསམ་འཆར་ནང་2025ལོར་སླེབས་སྐབས་ས་གནས་ཁག་དང་ལས་རིགས་ཁག་ལ་ཁྱབ་པའི་བཟོ་ལས་དྲ་སྦྲེལ་གྱི་དྲ་རྒྱའི་རྨང་གཞིའི་སྒྲིག་བཀོད་སྤྱིའི་ཆ་ནས་བསྐྲུན་ཟིན་པ་བྱ་རྒྱུ་དང་དབྱེ་ཞིབ་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་གཏོང་བ་དང་འབྲེལ་གཞི་ཁྱོན་ལྡན་པའི་སྒོ་ནས་ཁྱབ་གདལ་བཏང་སྟེ་རྒྱལ་སྤྱིའི་འགྲན་ནུས་ལྡན་པའི་བཟོ་ལས་དྲ་སྦྲེལ་ལས་སྟེགས་ཁ་ཤས་བསྐྲུན་རྒྱུ་དང་། 2035ལོར་སླེབས་སྐབས་རང་རྒྱལ་གྱི་བཟོ་ལས་དྲ་སྦྲེལ་གྱི་གཙོ་གནད་ཁྱབ་ཁོངས་རྒྱལ་སྤྱིའི་སྔོན་ཐོན་གྲས་སུ་སླེབས་པ་བྱ་རྒྱུ། དུས་རབས་འདིའི་དུས་དཀྱིལ་དུ་སླེབས་སྐབས་བཟོ་ལས་དྲ་སྦྲེལ་གྱི་ཕྱོགས་བསྡུས་སྟོབས་ཤུགས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པ་བྱ་རྒྱུ་བཅས་བཏོན་ཡོད།
         “བཟོ་ལས་དྲ་སྦྲེལ་ནི་བྱ་དངོས་གསར་པ་ཞིག་ཡིན་པས་གོ་ལ་ཧྲིལ་པོས་དོ་སྣང་བྱེད་ཀྱི་ཡོད། དར་རྒྱས་ཆེ་བའི་རྒྱལ་ཁབ་དང་བསྡུར་ཚེ་རང་རྒྱལ་གྱི་བཟོ་ལས་དྲ་སྦྲེལ་གྱི་འཕེལ་རྒྱས་ཆུ་ཚད་དང་དོན་དངོས་ཀྱི་རྨང་གཞིའི་དབར་ཧེ་བག་ཆེ་ཙམ་ལྡན་ཡོད”ཅེས་བཟོ་འཕྲིན་པུའུ་ཆ་འཕྲིན་འཕྲིན་གཏོང་དོ་དམ་ཅུས་ཀྱི་ཅུས་ཀྲང་ཧན་ཞ་ཡིས་བཤད་པ་རེད། ཐོན་ལས་ཀྱི་འདེགས་སྐྱོར་ནུས་པ་མི་འདང་བ་དང་། ལྟེ་བའི་ལག་རྩལ་དང་འགག་རྩའི་ལས་སྟེགས་ཀྱི་ཕྱོགས་བསྡུས་ནུས་པ་ཞན་པ། ཚད་གཞིའི་མ་ལག་འཐུས་སྒོ་མི་ཚང་བ། ཁེ་ལས་ཀྱི་གྲངས་འཛིན་ཅན་དང་དྲ་རྒྱ་ཅན་གྱི་ཆུ་ཚད་མི་འདང་བ། ཤེས་ལྡན་མི་སྣའི་འདེགས་སྐྱོར་དང་བདེ་འཇགས་འགན་ལེན་གྱི་ནུས་པ་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས་ཆེད་མངགས་ད་ཐེངས་ཀྱི་བསམ་འཆར་འདི་བཏོན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།