འཚོལ་བཤེར།   
藏文频道
2017ལོའི་ཟླ་4ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལོ་ངོ་28རིང་ཁྲོན་བོད་གཞུང་ལམ་དུ་སྦྲག་དངོས་སྐྱེལ་འདྲེན་གྱི་ལས་ལ་ཞུགས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 04ཚེས་06ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ལོ་ངོ་28རིང་ཁྲོན་བོད་གཞུང་ལམ་དུ་སྦྲག་དངོས་སྐྱེལ་འདྲེན་གྱི་ལས་ལ་ཞུགས་པ།
            མི་དམངས་དྲ་བའི་འཕྲིན། ཁྲོན་བོད་སྦྲག་སྲིད་ཀྱི་གཞུང་ལམ་དར་རྩེ་མདོ་ནས་སྡེ་དགེ་བར་གྱི་ལམ་དུམ་དེ་ལ"གངས་ཐིག་སྦྲག་ལམ"ཞེས་གྲགས་ལ། ལམ་དུམ་འདི་ནས་འགྲོ་འོང་བྱེད་པར་སྤྱི་ལེ་1208ཙམ་ཡོད། ས་བབ་ཀྱི་མཐོ་ཚད་ལ་ཆ་སྙོམས་སྨི་3500ཡོད་སྟབས། ནུས་ཤུགས་སྦྲེལ་མཐུད་གྱི་སྦྲག་དངོས་སྐྱེལ་འདྲེན་བྱ་ཐབས་བཀོལ་བཞིན་ཡོད་པས། ནང་ས་ནས་བོད་ལྗོངས་བར་གྱི་སྦྲག་སྲིད་སྐྱེལ་འདྲེན་ལམ་ཆེན་ཞིག་བསྐྲུན་ཡོད།
           ད་ལོར་དགུང་ལོ་54ལ་སོན་པའི་ཨ་ཁུ་འཆི་མེད་རྡོ་རྗེ་ནི་ཁམས་པ་ཞིག་ཡིན། ཁོ་རང་གིས་ལས་ཀ་བྱེད་ས་ནི་སི་ཁྲོན་ནས་བོད་ལྗོངས་སུ་བསྐྱོད་པའི་རྒྱལ་ཁབ་རིམ་པ་དང་པོའི་སྦྲག་སྲིད་སྐྱེལ་འདྲེན་གཞུང་ལམ་གྱི་དར་རྩེ་མདོ་ནས་སྡེ་དགེའི་སྦྲག་སྲིད་གཞུང་ལམ་གྱི་རླངས་འཁོར་རུ་ཁག་ཏུ་ཡོད། དབྱར་དུས་སུ་རྦབ་རྡོ་དང་རི་ཉིལ། འདམ་རྡོ་ཆུ་རུད་བཅས་ཀྱི་རང་བྱུང་གནོད་འཚེ་དང་། དགུན་དུས་སུ་ཁ་ཆར་དང་འཁྱགས་དར་ཅན་གྱི་གཞུང་ལམ་བརྒྱུད་དགོས་པ་རེད།
            ལས་ཀར་སྐྱོད་ཐེངས་རེའི་སྔོན་གྱི་ཞལ་གྱེས་ཞུས་པ་ཚང་མ་དོན་དག་གཟབ་ནན་ཞིག་ཏུ་སྣང་བས། ཆུང་མས་ཁྱོ་ག་བདེ་བླག་ངང་ལོག་པར་རེ་སྨོན་བྱེད་ཀྱི་ཡོད་པ་རེད། སྦྲག་སྲིད་སྐྱེལ་དངོས་ཀྱི་བདེ་འཇགས་འགན་སྲུང་བྱེད་ཆེད། ཁོང་གི་ལུས་ལ་ཇག་པས་གྲི་ཁ་17བསྣུབས་ནས་ཚེ་སྲོག་ལ་གནོད་འཚེ་ཐེབས་མྱོང་ཡང་། ལུས་སྲོག་བདེ་ཐང་དུ་གྱུར་རྗེས་ཡང་བསྐྱར་རླངས་འཁོར་རུ་ཁག་ཏུ་ཞུགས་ཏེ་རང་ཉིད་ཀྱི་འཐབ་རར་ཞུགས་པ་རེད།
    【1】  【2】  【3】  【4】  【5】  【6】
    ༄༅།།ལོ་ངོ་28རིང་ཁྲོན་བོད་གཞུང་ལམ་དུ་སྦྲག་དངོས་སྐྱེལ་འདྲེན་གྱི་ལས་ལ་ཞུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།