འཚོལ་བཤེར།   
藏文频道
2017ལོའི་ཟླ་2ཚེས་8ཉིན།
  • མི་དམངས་དྲ་བ།>>རྒྱལ་ནང་གསར་འགྱུར།

    ༄༅།།མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་
    འགན་བཞེས་པ།

    གསར་འགྱུར་སྤེལ་དུས།  【2017ལོའི་ཟླ་ 02ཚེས་04ཉིན། 14:15】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།མགོན་པོ་བཀྲ་ཤིས་ཀྱིས་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་
འགན་བཞེས་པ།
              མི་དམངས་དྲ་བའི་འཕྲིན། 《མཚོ་སྔོན་ཉིན་རེར་ཚགས་པར་》གྱིས་གནས་འཕྲིན་སྤེལ་བར་གཞིགས་ན། ཉེ་སྔོན་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་དང་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་(ཅུས་ཀྲང་)གྱི་ཚོགས་འདུ་ཟི་ལིང་གྲོང་ཁྱེར་དུ་འཚོགས་ཤིང་། ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་མགོན་པོ་བཀྲ་ཤིས་ཚོགས་འདུར་ཞུགས་པ་མ་ཟད། གསུང་བཤད་ཀྱང་གནང་བ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། འདི་ནི་མགོན་པོ་བཀྲ་ཤིས་ཐེངས་དང་པོར་མཚོ་སྔོན་ཞིང་ཆེན་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་གོ་གནས་ཐོག་ནས་ཡོངས་གྲགས་སུ་གདོང་བསྟན་པ་རེད།
         དཔྱད་གཞི་ཡིག་ཆ་ལས་མངོན་པར་གཞིགས་ན། མགོན་པོ་བཀྲ་ཤིས་ཀྱིས་དེ་སྔོན་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། བོད་རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི་དང་ཀྲུའུ་ཞི་གཞོན་པ། ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་བཅས་ཀྱི་འགན་བཞེས་མྱོང་ཞིང་། 2016ལོའི་ཟླ་བ་12པར་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོན་འགན་བཞེས་པ་རེད།
         མགོན་པོ་བཀྲ་ཤིས་ཀྱི་ལོ་རྒྱུས་མདོར་བསྡུས།
         མགོན་པོ་བཀྲ་ཤིས། སྐྱེས་པ། བོད་རིགས། 1962ལོའི་ཟླ་བ་10པར་སྐྱེས། མཚོ་སྔོན་ཞིང་ཆེན་བ་ཡན་རྫོང་ནས་ཡིན་ཞིང་། 1983ལོའི་ཟླ་བ་7པར་ཀྲུང་གོ་གུང་ཁྲན་ཏང་ནང་ཞུགས་པ་དང་། 1978ལོའི་ཟླ་བ་7པར་ལས་ཀར་ཞུགས་པ་རེད། རབ་འབྱམས་པ་ཞིབ་འཇུག་སློབ་མའི་སློབ་གཉེར་བརྒྱུད་རིམ་ལྡན་པ་རེད།
         1974ལོའི་ཟླ་བ་12པ་ནས་1978ལོའི་ཟླ་བ་7པའི་བར་མཚོ་སྔོན་ཞིང་ཆེན་སྟོང་སྐོར་ཕྱུགས་ལས་སློབ་གྲྭ་རུ་ཕྱུགས་ལས་སྨན་པའི་ཆེད་ལས་སློབ་སྦྱོང་གནང་བ་དང་།
         1978ལོའི་ཟླ་བ་7པ་ནས་1982ལོའི་ཟླ་བ་9པའི་བར་མཚོ་སྔོན་ཞིང་ཆེན་ཕྱུགས་ལས་སྨན་པའི་ཚན་རིག་ཞིབ་འཇུག་གླིང་དུ་ལག་རྩལ་པ་གནང་།(སྐབས་དེའི་རིང་གི་1981ལོའི་ཟླ་བ་9པ་ནས་1982ལོའི་ཟླ་བ་7པའི་བར་ཀྲུང་དབྱང་མི་རིགས་སློབ་གླིང་གི་ལས་བྱེད་པའི་གསོ་སྦྱོང་པུའུ་ཡི་རྒྱལ་ཡོངས་ཀྱི་ཆབ་སྲིད་སྦྱོང་བརྡར་འཛིན་གྲྭར་སློབ་སྦྱོང་གནང་བ་རེད།)
         1982ལོའི་ཟླ་བ་9པ་ནས་1986ལོའི་ཟླ་བ་12པའི་བར་ཀྲུང་དབྱང་མི་རིགས་སློབ་གླིང་གི་མི་དོན་ཁྲུའུ་ཡི་ལས་བྱ་དང་། སློབ་གླིང་ཏང་ཨུའི་གཞུང་ལས་ཁང་གི་དྲུང་ཡིག་གནང་བ།
         1986ལོའི་ཟླ་བ་12པ་ནས་1991ལོའི་ཟླ་བ་1པོའི་བར་ཀྲུང་དབྱང་རྩ་འཛུགས་པུའུ་ལས་བྱེད་པ་སྒྲིག་སྦྱོར་ཅུས་སྒྲིག་སྦྱོར་ཁྲུའུ་ཡི་ཀྲུའུ་རེན་གཞོན་པའི་ཁོའོ་ཡོན་དང་ཁོའོ་རིམ་པ་རྒན་པའི་ལས་བྱ་གནང་བ། (1985ལོའི་ཟླ་བ་3པ་ནས་1987ལོའི་ཟླ་བ་1པོའི་བར་པེ་ཅིང་དགེ་འོས་སློབ་ཆེན་གྱི་མར་ལེ་སློབ་དཔྱོད་ཁང་གི་སྒྲིག་ཁྲིམས་ཞིབ་བཤེར་འཛིན་གྲྭར་སློབ་སྦྱོང་གནང་བ་རེད།)
         1991ལོའི་ཟླ་བ་1པོ་ནས་1992ལོའི་ཟླ་བ་4པའི་བར་ཀྲུང་དབྱང་རྩ་འཛུགས་པུའུ་གཞུང་ལས་ཐིང་གི་ཁོའོ་རིམ་པ་རྒན་པའི་དྲུང་ཡིག་གནང་བ།
         1992ལོའི་ཟླ་བ་4པ་ནས་1995ལོའི་ཟླ་བ་7པའི་བར་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་གཞུང་ལས་ཐིང་གི་ཁྲུའུ་རིམ་པ་གཞོན་པའི་གྲུང་ཡིག་གནང་བ། (སྐབས་དེའི་རེང་གི་1992ལོའི་ཟླ་བ་8པ་ནས་     1994ལོའི་ཟླ་བ་12པའི་བར་ཀྲུང་དབྱང་ཏང་སློབ་ཆེན་གྲྭའི་འགོ་ཁྲིད་ལས་བྱེད་པའི་ཡིག་སྤྲིངས་སློབ་ཁྲིད་འཛིན་གྲྭར་དཔལ་འབྱོར་དོ་དམ་ཆེད་ལས་སློབ་སྦྱོང་གནང་བ།)
         1995ལོའི་ཟླ་བ་7པ་ནས་1996ལོའི་ཟླ་བ་11པའི་བར་ཀྲུང་དབྱང་རྩ་འཛུགས་པུའུ་ཡི་གཞུང་ལས་ཐིང་གི་ཁྲུའུ་རིམ་པ་རྒན་པའི་དྲུང་ཡིག་གནང་བ། (1994ལོའི་ཟླ་བ་9པ་ནས་1996ལོའི་ཟླ་བ་7པའི་བར་ཧུའུ་ནན་སློབ་ཆེན་རྒྱལ་སྤྱིའི་ཚོང་ལས་སློབ་གླིང་གི་བཟོ་ཚོང་དོ་དམ་ཆེད་ལས་སློབ་སྦྱོང་གནང་བ།)
         1996ལོའི་ཟླ་བ་11པ་ནས་2000ལོའི་ཟླ་བ་3པའི་བར་བོད་རང་སྐྱོང་ལྗོངས་གཞིས་ཀ་རྩེ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་གནང་བ། (སྐབས་དེའི་རིང་གི་1999ལོའི་ཟླ་བ་3པ་ནས་1999ལོའི་ཟླ་བ་7པའི་བར་ཀྲུང་དབྱང་ཏང་གི་སློབ་གྲྭའི་ཟབ་སྦྱོང་པུའུ་ཡི་སློབ་དུས་32པའི་ཟབ་སྦྱོང་འཛིན་གྲྭ་གཉིས་པར་སློབ་སྦྱོང་གནང་བ།)
         2000ལོའི་ཟླ་བ་3པ་ནས་2000ལོའི་ཟླ་བ་9པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དང་། སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པའི་འགན་བཞེས་པ།
         2000ལོའི་ཟླ་བ་9པ་ནས་2001ལོའི་ཟླ་བ་11པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས་པ།
         2001ལོའི་ཟླ་བ་11པ་ནས་2003ལོའི་ཟླ་བ་4པའི་བར་བོད་རང་སྐྱོང་ལྗོངས་ནག་ཆུ་ས་ཁུལ་ཨུ་ལྷན་གྱི་ཧྲུའུ་ཅི་དང་། ས་ཁུལ་མི་དམངས་འཐུས་ཚོགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་པ། 
         2003ལོའི་ཟླ་བ་4པ་ནས་2006ལོའི་ཟླ་བ་9པའི་བར་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཨུ་ལྷན་གྱི་ཧྲུའུ་ཅིའི་འགན་བཞེས་པ།
         2006ལོའི་ཟླ་བ་9པ་ནས་2006ལོའི་ཟླ་བ་10པའི་བར་བོད་རང་སྐྱོང་ལྗོངས་ཏང་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གི་འགན་བཞེས་པ།
         2006ལོའི་ཟླ་བ་10པ་ནས་2011ལོའི་ཟླ་བ་11པའི་བར་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། དྲུང་ཡིག་ཆེ་མོ། ལྗོངས་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་པ།
         2011ལོའི་ཟླ་བ་11པ་ནས་2012ལོའི་ཟླ་བ་1པོའི་བར་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི་བཅས་ཀྱི་འགན་བཞེས་པ།
         2012ལོའི་ཟླ་བ་1པོ་ནས་2016ལོའི་ཟླ་བ་12པའི་བར་བོད་རང་སྐྱོང་ལྗོངས་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་། ལྗོངས་སྲིད་གྲོས་ཏང་ཙུའུ་ཡི་ཧྲུའུ་ཅི། ཀྲུའུ་ཞི་གཞོན་པ་བཅས་ཀྱི་འགན་བཞེས་པ། 
         2016ལོའི་ཟླ་བ་12པ་ནས་མཚོ་སྔོན་ཞིང་ཆེན་ཨུ་ལྷན་གྱི་རྒྱུན་ལས་ཨུ་ཡོནགྱི་འགན་བཞེས་པ་རེད། 
         ཁོང་ནི་སྐབས་བཅོ་བརྒྱད་པའི་ཀྲུང་དབྱང་རྗེས་སྣོན་ཨུ་ཡོན་དང་། ཀྲུང་གུང་ཚོགས་ཆེན་ཐེངས་བཅུ་དྲུག་པ་དང་ཚོགས་ཆེན་ཐེངས་བཅུ་བདུན་པའི་འཐུས་མི། ཚོགས་ཆེན་བཅོ་བརྒྱད་པའི་ཆེད་མངག་གདན་ཞུས་འཐུས་མི་བཅས་ཡིན་པ་རེད། 
      
    2017-02-05

    ཕྱོགས་བསྡུས་གསར་འགྱུར།