འཚོལ་བཤེར།   
藏文频道
2016ལོའི་ཟླ་12ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཆི་ལི་རྒྱལ་ཁབ་ཀྱི་ལྷོ་རྒྱུད་དུ་ས་ཡོམ་རིམ་པ་7.6བརྒྱབ་པས་རྒྱ་མཚོ་འཁྱོམས་པའི་ཉེན་བརྡ་
    གཏོང་དགོས་བྱུང་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 12ཚེས་26ཉིན། 16:34】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཆི་ལི་རྒྱལ་ཁབ་ཀྱི་ལྷོ་རྒྱུད་དུ་ས་ཡོམ་རིམ་པ་7.6བརྒྱབ་པས་རྒྱ་མཚོ་འཁྱོམས་པའི་ཉེན་བརྡ་
གཏོང་དགོས་བྱུང་བ།
          མི་དམངས་དྲ་བའི་འཕྲིན། ཟླ་12ཚེས་25ཉིན། ཆི་ལི་རྒྱལ་ཁབ་ཀྱི་ལྷོ་རྒྱུད་ས་ཁུལ་དུ་ས་ཡོམ་རིམ་པ་7.6བརྒྱབ་པས། རྒྱ་མཚོ་འཁྱོམས་པའི་ཉེན་བརྡ་གཏོང་དགོས་བྱུང་བ་རེད།
            ཆི་ལི་སློབ་ཆེན་གྱི་ས་ཡོམ་ཞབས་ཞུ་ཅུས་ཀྱི་གནས་འཕྲིན་ལྟར་ན། ས་ཡོམ་ནི་ས་གནས་དེ་གའི་དུས་ཚོད་ཚེས་25ཉིན་གྱི་ཆུ་ཚོད་11དང་སྐར་མ་22(པེ་ཅིང་གི་དུས་ཚོད་ཚེས་25ཉིན་གྱི་ཆུ་ཚོད་22དང་སྐར་མ་22)ཐོག་བརྒྱབ་པ་དང་། དུས་ཡུན་སྐར་མ་གཉིས་ཙམ་རིང་བརྒྱབ་པ་རེད། ཐེངས་འདིའི་ས་ཡོམ་ནི་རིམ་པ་7.6ཅན་ཞིག་ཡིན་པ་དང་། ཡོམ་གནས་ནི་ཨའེ་སེན་ཁུལ་ཆེན་གྱི་མེ་ལིན་ཁཱ་གྲོང་ཁྱེར་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་67མཚམས་ཀྱི་མཚོ་ཁོངས་སུ་ཡིན་ལ། ཡོམ་གནས་ཀྱི་གཏིང་ཚད་ནི་སྤྱི་ལེ་30ཡིན་པ་རེད།
            ཤེས་རྟོགས་བྱུང་བ་ལྟར་ན། མའེ་ལིན་ཁཱ་གྲོང་ཁྱེར་དང་ཐག་མི་རིང་བའི་ས་ན་ཡོད་པའི་མེང་ཐི་གྲུ་ཁ་སོགས་ཀྱི་གྲོང་ཁྱེར་དུ་ཡོམ་ཚོར་དྲག་པོ་ཡོད་པ་མ་ཟད། ཆི་ལི་རྒྱལ་ཁབ་ཀྱི་པི་ཨོ་པི་ཨོ་དང་། ཨ་ལའོ་ཁཱ་ཉི་ཡ་སོགས་ཀྱི་ཁུལ་ཆེན་དག་ཏུའང་ཡོམ་རླབས་དྲག་པོ་བྱུང་ཡོད་པ་རེད།
             ཆི་ལི་རྒྱལ་ཁབ་འཕྲལ་མའི་ལས་དོན་གཞུང་ལས་ཁང་གི་ཀྲུང་རེན་ཁཱ་ཏོ་•ཐའོ་ལུའོ་ཡིས། ཐེངས་འདིའི་ས་ཡོམ་གནོད་འཚེའི་ཁྲོད་མི་ཤི་རྨས་བྱུང་མི་འདུག་ཅེས་བསྟན་པ་དང་། ཆི་ལིའི་བརྙན་འཕྲིན་ཁང་གི་བརྙན་ངོས་སུ་ས་ཡོམ་གྱི་རྐྱེན་པས་གཞུང་ལམ་ཁ་ཤས་གས་ཆག་བྱུང་ཡོད་པ་གསལ་བ་རེད།
              ཆི་ལི་ནི་ས་ཡོམ་བྱུང་མང་བའི་རྒྱལ་ཁབ་ཅིག་ཡིན་པ་དང་། 2015ལོའི་ཟླ་9ཚེས་16ཉིན་ཆི་ལི་རྒྱལ་ཁབ་ཀྱི་བྱང་རྒྱུད་ས་ཁུལ་དུ་ས་ཡོམ་རིམ་པ་8.2བརྒྱབ་པས། ཁུལ་ཆེན་7ལ་ཤུགས་རྐྱེན་ཐེབས་ཏེ་མི་15རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་1.6ལ་གནོད་འཚེ་བྱུང་བ། སྡོད་ཁང་སྟོང་ཕྲག་ལ་ཉེ་བ་ཞིག་སྐྱོན་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།