འཚོལ་བཤེར།   
藏文频道
2016ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་རིའི་འདེམས་བསྐོ་ཆེན་པོའི་འདེམས་ཤོག་ཕྱོགས་ཡོངས་ནས་འཕེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 11ཚེས་09ཉིན། 13:26】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཨ་རིའི་འདེམས་བསྐོ་ཆེན་པོའི་འདེམས་ཤོག་ཕྱོགས་ཡོངས་ནས་འཕེན་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་11ཚེས་8ཉིན་ནས་བཟུང་ཨ་རིའི་འདེམས་བསྐོ་ཆེན་པོའི་འདེམས་ཤོག ཕྱོགས་ཡོངས་ནས་འཕེན་འགོ་ཚུགས་པ་དང་། འདེམས་དམངས་ཚོས་འདེམས་ཤོག་འཕངས་ནས་ཨ་རིའི་སྐབས་རྗེས་མའི་ཙུང་ཐུང་འདེམས་རྒྱུ་ཡིན་པ་དང་། དེ་དང་དུས་གཅིག་ཏུ་ད་དུང་ཀྲོའུ་མང་པོ་ཞིག་གི་རྒྱལ་ཕྲན་མཉམ་འབྲེལ་གྲོས་ཁང་གི་གྲོས་མི་དང་། ཀྲོའུ་ཡི་འགོ་འཛིན། ས་གནས་ཀྱི་འགོ་ཁྲིད་བཅས་ཀྱང་འདེམས་བསྐོ་བྱ་རྒྱུ་རེད། མི་རྣམས་ཀྱིས་དོ་སྣང་བྱེད་ཚད་ཆེ་ཤོས་ནི་ཙུང་ཐུང་འདེམས་བསྐོ་ཆེན་པོ་སྟེ་གཙོ་བོར་དམངས་གཅོ་ཏང་གི་བདམ་བྱའི་འོས་མི་ཧི་ལ་རའེ་•ཏའེ་ཨེན་•རོ་ཏ་མོ་•ཁུ་ལིན་ཐོན་ (Hillary Diane Rodham Clinton)་དང་སྤྱི་མཐུན་ཏང་གི་བདམ་བྱའི་འོས་མི་ཐོ་ནལ་ཏི་•ཇོན་•ཐི་རུམ་ཕི་ (Donald John Trump)བར་བརྩོན་ལེན་བྱེད་པ་ཡིན་ཞིང་། སྔོན་དཔག་བྱས་པ་ལྟར་ན་འདེམས་བསྐོའི་མཇུག་འབྲས་ནི་ཨ་རིའི་ཤར་ཕྱོགས་དུས་ཚོད་ཚེས་8ཉིན་གྱི་དགོང་མོར་ཐོག་མར་ཡོངས་བསྒྲགས་བྱ་རྒྱུ་རེད།
         མིག་སྔར། ཐི་རུམ་ཕི་དང་ཁུ་ལིན་ཐོན་གཉིས་ལ་རྒྱབ་སྐྱོར་བྱས་ཚད་འདྲ་མཚུངས་ཡིན་ཞིང་། འདེམས་བསྐོ་གནས་ཚུལ་ཕན་ཚུན་སྲ་འཛིན་བྱེད་བཞིན་ཡོད་པ་རེད། སྔ་དུས་ཀྱི་འདེམས་ཤོག་འཕངས་འབྲས་ལས་མངོན་པ་ལྟར་ན། ཁོང་གཉིས་ཀྱིས་འདེམས་བསྐོ་བྱས་འབྲས་ལ་ཤུགས་རྐྱེན་གཏོང་ཐུབ་པའི་གནད་འགག་ཆེ་བའི་"གཡོ་འགུལ་ཀྲོའུ་"(摇摆州)རུ་གཉིས་ཀར་ཐོབ་ཤོར་ཡོད་པ་རེད། 
         ཨ་རིའི་ཙུང་ཐུང་འདེམས་བསྐོ་བྱེད་པའི་ཐད་"འདེམས་བསྐོ་བྱེད་མཁན་ཚོགས་པའི་"ལམ་ལུགས་ལག་བསྟར་བྱེད་ཀྱི་ཡོད་ཅིང་། ཀྲོའུ་སོ་སོའི་མི་འབོར་གྱི་བསྡུར་ཚད་ལ་གཞིགས་ནས་འདེམས་ཤོག་གྲངས་ཀ་མི་འདྲ་བ་བགོ་བཤའ་བྱས་ཏེ་ཁྱོན་བསྡོམས་འདེམས་བསྐོ་བྱེད་མཁན་གྱི་འདེམས་ཤོག་538ཡོད་པ་རེད། དེ་ལས་འདེམས་བསྐོ་བྱེད་མཁན་གྱི་འདེམས་ཤོག་270དང་ཡང་ན་དེའི་ཡན་གྱི་འདེམས་བསྐོ་བྱེད་མཁན་གྱི་འདེམས་ཤོག་ཐོབ་མཁན་བདམ་བྱའི་འོས་མི་ནི་བདམས་ཐོན་བྱུང་བ་རེད། ཁུ་ལིན་ཐོན་གྱིས་ཨ་རིའི་རྒྱལ་སྲིད་བློན་ཆེན་གྱི་འགན་འཁུར་མྱོང་བ་དང་། ཐི་རུམ་ཕི་ནི་ས་གཞིས་འབྱོར་ཆེན་ཡིན་ཞིང་། གཉིས་ཀ་ཉིའུ་གཡོད་ནས་རེད། 
    【1】  【2】  【3】  【4】
    ༄༅།།ཨ་རིའི་འདེམས་བསྐོ་ཆེན་པོའི་འདེམས་ཤོག་ཕྱོགས་ཡོངས་ནས་འཕེན་འགོ་ཚུགས་པ།
      
    2016-11-02

    ཕྱོགས་བསྡུས་གསར་འགྱུར།