འཚོལ་བཤེར།   
藏文频道
2016ལོའི་ཟླ་5ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།མཚོ་སྔོན་གྱིས“སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཟུང་འབྲེལ”བྱ་རྒྱུར་སྐུལ་འདེད་
    བཏང་ནས་བདེ་ཐང་རྒན་གསོའི་དཀའ་གནད་བསལ་བ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 05ཚེས་11ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་དང་དམངས་སྲིད་ཐིང་སོགས་སྡེ་ཚན་9ཡིས། 《སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཟུང་འབྲེལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》མཉམ་དུ་ཁྱབ་བསྒྲགས་བྱས་ནས། སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་རྒན་གསོའི་སྒྲིག་གཞིའི་དབར་མཉམ་ལས་བྱ་རྒྱུར་སྐུལ་འདེད་བཏང་བ་དང་། རྒན་གསོའི་སྒྲིག་གཞིས་སྨན་བཅོས་ཞབས་ཞུ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་པ་དང་འབྲེལ་སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཟུང་འབྲེལ་གྱི་སྒྲིག་གཞི་གཏོད་རྒྱུར་སྐུལ་ལྕག་བྱས་ཡོད།
         མཚོ་སྔོན་གྱིས་ལག་བསྟར་བསམ་འཆར་གཞིར་བཟུང་། རྒན་གསོའི་སྒྲིག་གཞི་དང་ཉེ་འཁོར་གྱི་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞིའི་དབར་མཉམ་ལས་བྱ་རྒྱུར་ལྕག་སྐུལ་བྱས་ནས། རྒན་གསོའི་སྒྲིག་གཞིས་རྒན་རྒོན་ནད་གཞིའི་སྨན་ཁང་དང་། ལུས་གསོའི་སྨན་ཁང་། ནད་སྐྱོང་ཁང་། ཚེ་མཇུག་ལྟ་རྟོག་སྒྲིག་གཞི་སོགས་བཙུགས་ནས་སྨན་བཅོས་ཞབས་ཞུ་སྤེལ་རྒྱུར་རྒྱབ་སྐྱོར་བྱས་ཏེ། གཞི་རིམ་སྨན་བཅོས་འཕྲོད་བསྟེན་སྒྲིག་གཞི་དང་། སྡེ་ཁུལ་གྱི་རྒན་གསོ་དང་ཁྱིམ་སྡོད་རྒན་གསོའི་རྒན་རྒོན་གྱི་ཁྱིམ་ཚང་དབར་ཞབས་ཞུའི་འབྲེལ་བ་འཛུགས་རྒྱུར་ཁྲིད་སྟོན་བྱ་རྒྱུ་རེད། སྤྱི་ཚོགས་སྟོབས་ཤུགས་ཀྱིས་སྨན་བཅོས་འཕྲོད་བསྟེན་དང་རྒན་གསོའི་ཞབས་ཞུ་ཟུང་འབྲེལ་གྱི་སྒྲིག་གཞི་གཏོད་རྒྱུར་ལྕག་སྐུལ་བྱེད་པ་དང་། ཀྲུང་ལུགས་དང་བོད་ལུགས་གསོ་རིག་གི་བདེ་ཐང་རྒན་གསོའི་ཞབས་ཞུ་སྤེལ་བ། བདེ་ཐང་རྒན་གསོའི་སྲིད་ཇུས་འཐུས་ཚང་དུ་གཏོང་བ། ཡུན་རིང་ནད་སྐྱོང་གི་འགན་བཅོལ་ལམ་ལུགས་འཛུགས་རྒྱུ་འཚོལ་ཞིབ་བྱེད་པ་སོགས་རིམ་པ་མང་བའི་བདེ་ཐང་རྒན་གསོའི་འགན་ལེན་མ་ལག་གཏོད་རྒྱུ་ཡིན་པ་རེད།
         མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ལྷན་ཁྱིམ་ཚང་འཕེལ་རྒྱས་ཁྲུའུ་ཡི་ཁྲུའུ་ཀྲང་ལི་ཤིའུ་ཀྲུང་གིས། མཚོ་སྔོན་གྱི་སྨན་བཅོས་འགན་བཅོལ་སྲིད་ཇུས་ཀྱི་གཏན་འབེབས་དང་མཐུན་པའི་སྨན་བཅོས་གྲོན་དངུལ་དེ་ཉིད་གཞི་རྩའི་སྨན་བཅོས་འགན་བཅོལ་གཏོང་སྤྲོད་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད། དེ་དང་དུས་མཚུངས་སྲིད་ཇུས་ནང་ད་དུང་ལས་ཀའི་ལམ་སྲོལ་འཛུགས་པ་དང་། འཆར་འགོད་བཀོད་སྒྲིག་དང་ས་སྤྱོད་འགན་ལེན་ལ་ཤུགས་སྣོན་རྒྱག་པ། མ་འཇོག་དང་མ་དངུལ་བསྡུ་སྒྲིལ་དང་ནོར་ཁྲལ་གྱི་རིན་གོང་སྲིད་ཇུས་འཐུས་ཚང་དུ་གཏོང་བ་སོགས་འགན་ལེན་བྱེད་ཐབས་དྲུག་ཁ་གསལ་བཏོན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།