འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་དབྱང་གིས་མ་དངུལ་སྒོར་དུང་ཕྱུར་200ལྷག་བཏང་ནས་བོད་ལྗོངས་ཀྱི་ཆུ་བེད་འཛུགས་
    སྐྲུན་ལ་རོགས་སྐྱོར་བྱས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 15:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་དབྱང་གིས་ཉེ་བའི་ལོ་ལྔའི་ནང་བོད་ལྗོངས་ཀྱི་ཆུ་བེད་འཛུགས་བསྐྲུན་ཐད་མ་དངུལ་སྒོར་དུང་ཕྱུར་223བཏང་ནས། ས་གནས་དེ་ཁའི་ཞིང་འབྲོག་མང་ཚོགས་ས་ཡ་1དང་8འབུམ་ཙམ་ལ་ཐད་ཀའི་ཕན་པ་ཐོབ་པ་དང་། འབྲུ་རིགས་ཐོན་འབོར་བརྟན་པོ་དང་། ཞིང་འབྲོག་པའི་བདེ་འཇགས་འཐུང་ཆུ། ཐག་རིང་ས་ཁུལ་གྱི་གློག་བེད་སྤྱོད་གནད་དོན་སོགས་ལན་འགན་ལེན་བྱས་ཡོད། ལོ་ལྔའི་འཆར་འགོད་12པའི་རིང་བོད་ལྗོངས་ལ་ཆུ་མཁོ་འདོན་བྱེད་ཚད་སྤྱི་ཁྲེ་རྒྱ་དཔངས་དུང་ཕྱུར་བདུན་མང་དུ་བཏང་བ་དང་། ཞིང་ནང་ཆུ་འདྲེན་གསར་སྣོན་དང་ལེགས་བཅོས་བྱེད་ཚད་རྒྱ་ཁྱོན་མུའུ་ས་ཡ་1དང་4འབུམ་9ཁྲི་8000ཙམ་ཟིན་པ། ནགས་ཚལ་དང་རྩ་རར་ཆུ་འདྲེན་པའི་གཞི་ཁྱོན་མུའུ་9འབུམ་7ཁྲི་9སྟོང་ཙམ་ཟིན་ནས་འབྲུ་རིགས་ཏུན་ས་ཡ་1གི་ཐོན་འབོར་བརྟན་པོ་ཡོང་རྒྱུར་རྨང་གཞི་འདིང་ཡོད། གཞན་ཡང་གྲོང་གསེབ་མི་འབོར་དང་། སློབ་གྲྭའི་དགེ་སློབ་དང་དགོན་སྡེའི་གྲ་བཙུན་ཁྲི་77.3ཙམ་ལ་འཐུང་ཆུ་གཙང་མ་བེད་སྤྱོད་བྱ་རྒྱུ་བྱུང་བ་དང་། མི་ཁྲི་27ལ་གྲོང་གསེབ་ཀྱི་ཆུ་གློག་ཆུང་གྲས་བརྒྱུད་གློག་མེད་པའི་ལོ་རྒྱུས་མཇུག་འགྲིལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།