འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།སི་ཁྲོན་ནས་ཐ་མག་རྫུན་མ་བག་ཆ་ཁྲི་2ཙམ་མེར་བསྲེགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་16ཉིན། 14:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སི་ཁྲོན་ནས་ཐ་མག་རྫུན་མ་བག་ཆ་ཁྲི་2ཙམ་མེར་བསྲེགས་པ།
         ཟླ་3ཚེས་15ཉིན་སི་ཁྲོན་ཞིང་ཆེན་ཀུང་ཡུན་གྲོང་ཁྱེར་ཅན་ཀོ་(剑阁)རྫོང་ནས་ཀུང་ཡུན་གྲོང་ཁྱེར་ཐ་མག་ཆེད་ཚོང་ཁང་གིས་ཐ་མག་རྫུན་མ་མེར་བསྲེགས་ཀྱི་བྱེད་སྒོ་སྤེལ་ཏེ་ཁྱོན་ཐ་མག་རྫུན་མ་བག་ཆ་20984.3ཙམ་མེད་པར་བཟོས་པ་རེད།
         ཀུང་ཡུན་གྲོང་ཁྱེར་ཐ་མག་ཆེད་ཚོང་ཁང་གི་ཅུས་ཀྲང་ཧོ་ཁྲེང་ཝེས་མཚམས་སྦྱོར་བྱས་པ་ལྟར་ན། གྲོང་ཁྱེར་དེ་གས་ལོ་སྔོན་མར་ཐ་མག་རྫུན་མ་བཟོ་བར་ཆེད་དམིགས་ཀྱི་བྱེད་སྒོ་མང་པོ་ཞིག་སྤེལ་ནས་ཐ་མག་རྫུན་བཟོ་དང་འབྲེལ་བའི་གྱོད་གཞི་1019ཞིབ་བཤེར་ཐག་གཅོད་བྱས་པ་དང་། ཐ་མག་རྫུན་མ་བག་ཆ་20984.3ཙམ་གཞུང་བཞེས་བྱས། དྲ་ཐོག་གི་གྱོད་དོན་12ཙམ་བདེ་བླག་ངང་མྱུལ་ཞིབ་རྩད་ཆོད་བྱུང་། མི་32ཉེས་དོན་བཀག་ཉར་བྱས་པ་དང་། མི་17འཛུན་བཟུང་བྱས། མི་7ལ་ཁྲིམས་ཆད་བཅད་པ་རེད།
    ༄༅།།སི་ཁྲོན་ནས་ཐ་མག་རྫུན་མ་བག་ཆ་ཁྲི་2ཙམ་མེར་བསྲེགས་པ།
    ༄༅།།སི་ཁྲོན་ནས་ཐ་མག་རྫུན་མ་བག་ཆ་ཁྲི་2ཙམ་མེར་བསྲེགས་པ།
      

    ཕྱོགས་བསྡུས་གསར་འགྱུར།