འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་15ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་ཡོན་ཞུའེ་ཁྲེང་གིས་ཆོས་ལུགས་ལས་རིགས་ཀྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་
    ཆེད་རང་འགུལ་ངང་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱེད་དགོས་ཞེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་15ཉིན། 10:22】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་12ཉིན་ཨུ་ཡོན་ཞུའེ་ཁྲེང་གིས་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་ཚོགས་ཆེན་གྱི་གཏམ་བཤད་གནང་སྐབས། ཀྲུང་གོའི་ཆོས་ལུགས་ལས་རིགས་ཀྱི་རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་སྤྱི་ཚོགས་ཡར་ཐོན་ཁྲོད་ཀྱི་ཆོས་ལུགས་ཀྱི་བསམ་བློའི་རིན་ཐང་ཉམས་ལེན་བྱས་ཏེ་ཆོས་ལུགས་ཁྲོད་ཀྱི་འཇིག་རྟེན་ལས་སྐྱོབ་དང་། བློ་གྲོས་ཀྱི་ཐོན་ཁུངས། དད་མོས་ཀྱི་སྟོབས་ཤུགས་བཅས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱེད་པའི་རླབས་ཆེན་གྱི་ལག་ལེན་ནང་མཉམ་འདྲེས་ཐུབ་པ་བྱེད་དགོས་ཞེས་གསུངས་པ་རེད།
         ཨུ་ཡོན་ཞུའེ་ཁྲེང་གིས་ཆོས་ལུགས་ཀྱི་བྱམས་དང་སྙིང་རྗེའི་བསམ་པར་བརྟེན་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་ཆེད་རིན་ཐང་གི་ཡིད་མཐུན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་ནི་ཀྲུང་གོ་མི་དམངས་ཀྱི་ཐུན་མོང་གི་ཁེ་ཕན་དོན་གཉེར་དང་རིན་ཐང་མངོན་པ་ཞིག་རེད། རྒྱ་ཆེའི་དད་ལྡན་མང་ཚོགས་ཚོས་མི་སྒེར་གྱི་ཁེ་ཕན་དོན་གཉེར་བྱ་རྒྱུ་དེ་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁབ་ཀྱི་ཇུས་འགོད་ནང་བཅུག་ན། གཞི་ནས་མི་སྒེར་གྱི་གནས་བབ་དང་རིན་ཐང་འཚོལ་ཞིབ་བྱེད་ཐུབ་ཞེས་བཤད་པ་རེད།
         ཁོང་གིས་ཀྲུང་གོའི་དད་ལྡན་མང་ཚོགས་ཚོར་རང་ངོས་ཀྱི་སྲོལ་རྒྱུན་ལེགས་ཆ་སྔོག་འདོན་ཧུར་ཐག་བྱས་ཏེ་གསར་གཏོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། མཉམ་སྤྱོད་ཀྱི་འདུན་ལམ་ཆེ་རུ་གཏོང་བ། མཐུན་སྦྱོར་གྱི་བློ་གྲོས་འཕེལ་བ་བྱེད་པ། སྒོ་དབྱེའི་བཀོད་པ་གཏོད་པ། ལྗང་མདོག་འཕེལ་རྒྱས་གཏོང་ཤུགས་ཆེ་རུ་གཏོང་བ་བཅས་ཀྱི་བྱམས་དང་སྙིང་རྗེའི་བསམ་པ་ལྡན་པ་བྱེད་དགོས། དེ་ལྟར་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པའི་དུས་མཚམས་ཀྱི་རྒྱལ་ཁ་ལེན་པའི་གཞི་རྩའི་སྒུལ་ཤུགས་ལྡན་པ་བྱེད་དགོས་པའི་འབོད་སྐུལ་གནང་བ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།