འཚོལ་བཤེར།   
藏文频道
2016ལོའི་ཟླ་1ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་ཐ་ལིའི་ཆག་སྒོ་བྱུང་བའི་ཡུལ་སྐོར་གྲུ་གཟིངས་ནང་རོལ་གྱི་འདྲ་པར་ཕྱིར་བསྒྲགས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 01ཚེས་25ཉིན། 14:51】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།དབྱི་ཐ་ལིའི་ཆག་སྒོ་བྱུང་བའི་ཡུལ་སྐོར་གྲུ་གཟིངས་ནང་རོལ་གྱི་འདྲ་པར་ཕྱིར་བསྒྲགས་པ།
         མི་དམངས་དྲ་བའི་འཕྲིན། 2012ལོར། དབྱི་ཐ་ལིའི་ཁང་ཁོ་ཏི་ཡ་(Costa Concordia)རྟགས་ཅན་གྱི་རྒྱས་སྤྲས་ཡུལ་སྐོར་གྲུ་གཟིངས་དེ་ཅི་ལིའོ་(Giglio)གླིང་ཕྲན་གྱི་ཉེ་འགྲམ་ནས་ཆུ་འོག་གི་བྲག་རྡོ་ལ་གདོང་ཐུག་བརྒྱབ་ནས་ཏི་ཀྲུང་ཧའེ་རྒྱ་མཚོར་ནུབ་པའི་དོན་རྐྱེན་བྱུང་སྟེ་མི་32རྐྱེན་ལམ་དུ་ཤོར། ལོ་བཞིའི་རྗེས་སུ། པར་རྒྱག་པ་ཆའོ་ན་སེན·ཆེར་ཁོ་སི་ཅི་ཡུལ་སྐོར་གྲུ་གཟིངས་དེའི་ནང་དུ་ཕྱིན་ཏེ་ད་ལྟའི་རྣམ་པ་དེ་པར་དུ་བླངས་ནས་ཕྱི་ཕྱོགས་སུ་བསྒྲགས་པ་རེད།
         ཁང་ཁོ་ཏི་ཡ་རྟགས་ཅན་གྱི་རྒྱས་སྤྲས་ཡུལ་སྐོར་གྲུ་གཟིངས་ཆུ་འོག་གི་བྲག་རྡོ་ལ་གདོང་ཐུག་བརྒྱབ་ནས་ཏི་ཀྲུང་ཧའེ་རྒྱ་མཚོར་ནུབ་པ་དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་རྗེས་ཀྱི་དབྱི་ཐ་ལིའི་ཆེས་ཡ་ང་བའི་མཚོ་ཐོག་གི་ཆག་སྒོ་ཞིག་ཡིན་པ་རེད། བྲག་རྡོ་ལ་གདོང་ཐུག་བརྒྱབ་རྗེས་གྲུ་གཟིངས་ཀྱི་གཞོགས་ངོས་སུ་བུ་ག་བརྟོལ་ནས་མཚོ་ཆུ་ནང་དུ་བླུགས་པས་རྒྱ་མཚོའི་ནང་ནུབ་པ་དང་མི་32རྐྱེན་ལམ་དུ་ཤོར་བ་རེད། "གྲུག་དཔོན་སྡར་མར"འབོད་པའི་ཧྥོ་ལང་ཞིས་སི་ཁོ·སི་ཁའེ་ཏི་ནུ་(Francesco Schettino)ཡིས་འགྲུལ་བ་4200བསྐྱུར་ནས་རང་ཉིད་སྔོན་ལ་བྲོས་པས་ལོ་16རིང་ལ་བཙོན་འཇུག་གི་ཆད་པ་བཅད། 
         2015ལོའི་ཟླ་5བར། ཁང་ཁོ་ཏི་ཡ་རྟགས་ཅན་གྱི་གྲུ་གཟིངས་དེ་རའེ་ན་ཡ་གྲུ་ཁར་དྲུད་ནས་ལྷུ་བཤིག་བྱས་པ་དང་། འདི་ནི་ལོ་རྒྱུས་སྟེང་གི་འགྲོ་སོང་ཆེས་ཆེ་བའི་ཆོག་སྒོའི་གྲུ་གཟིངས་ཆུ་ནས་འདོན་པའི་ལས་འགུལ་ཡིན་ལ། ཚོད་དཔག་བྱས་པ་ལྟར་ན། ཆུ་ནས་འདོན་པ་དང་ལྷུ་བཤིག་གི་འགྲོ་གྲོན་ལ་དབྱིན་པང་སྒོར་དུང་ཕྱིར་12(ཧ་ལམ་མི་དམངས་ཤོག་སྒོར་དུང་ཕྱིར་112)ཟིན་པ་རེད།
    【1】  【2】  【3】  【4】  【5】  【6】  【7】
    ༄༅།།དབྱི་ཐ་ལིའི་ཆག་སྒོ་བྱུང་བའི་ཡུལ་སྐོར་གྲུ་གཟིངས་ནང་རོལ་གྱི་འདྲ་པར་ཕྱིར་བསྒྲགས་པ།
      

    ཕྱོགས་བསྡུས་གསར་འགྱུར།