འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།ནེ་པ་ལའི་ས་ཡོམ་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་3326ལ་འཕར་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་27ཉིན། 17:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་27ཉིན་དབྱིན་ཇིའི་ཀུན་ཁྱབ་གློག་འཕྲིན་ཀུང་སིས་སྤེལ་བའི་གནས་ཚུལ་ལྟར་ན། ནེ་པ་ལར་ས་ཡོམ་རིམ་པ་8.1བྱུང་བའི་ཁྲོད་རྐྱེན་ལམ་དུ་ཤོར་བའི་མི་གྲངས་3326ལ་འཕར་བ་རེད།
         ནེ་པ་ལ་རྒྱལ་ཁབ་ཀྱི་འཕྲལ་མྱུར་བྱ་སྤྱོད་རོགས་སྐྱོབ་ལྟེ་གནས་ཀྱི་གཞི་གྲངས་མངོན་པ་ལྟར་ན། རྐྱེན་ལམ་དུ་ཤོར་བའི་མི་གྲངས་3326ལ་འཕར་ཡོད་པ་མ་ཟད། མི་6500ལས་བརྒལ་བར་རྨས་སྐྱོན་ཕོག་ཡོད་པ་རེད། 
         ནེ་པ་ལའི་ཉེན་རྟོག་པའི་ཕྱོགས་ཀྱིས་མྱུར་སྐྱོབ་རུ་ཁག་ནུབ་རྒྱུད་ཀྱི་ཐག་རིང་རི་ཁུལ་དུ་ཟབ་འཇུག་བྱས་པ་དང་ཆབས་ཅིག་རྐྱེན་ལམ་དུ་ཤོར་མཁན་ཇེ་མང་དུ་འགྲོ་ཉེན་ཆེ་ཅེས་ཐ་ཚིག་བསྒྲགས་པ་རེད།  
         གཞན་ཡང་ཧིན་རྡུ་སྲིད་གཞུང་གིས་མིག་སྔར་མི་53རྐྱེན་ལམ་དུ་ཤོར་བ་དང་། མི་240ལ་རྨས་སྐྱོན་ཕོག་ཡོད་པ་ངོས་འཛིན་ངེས་གཏན་བྱས་པ་རེད། ནེ་པ་ལ་དང་འབྲེལ་བའི་ཀྲུང་གོའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གྱི་སྐྱིད་གྲོང་རྫོང་དང་། གཉའ་ལམ་རྫོང་། དིང་རི་རྫོང་བཅས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་ཡོད་པས། མིག་སྔར་མི་20རྐྱེན་ལམ་དུ་ཤོར་བ་དང་། མི་ཁྲི་20ལྷག་ལ་ཚད་མི་འདྲ་བའི་གནོད་སྐྱོན་ཐེབས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།