འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།མི་རིགས་ས་ཁུལ་གྱི་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ན་ནིང་ཁྲི་357ཉུང་དུ་སོང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་16ཉིན། 16:57】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
           མི་དམངས་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་ནས་ཤེས་རྟོགས་བྱུང་བ་ལྟར་ན། བརྟག་དཔྱད་བྱསའབྲས་ལས་2014ལོར་རང་རྒྱལ་གྱི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི་རིགས་ས་ཁུལ་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲི་2205ཡོད་ཅིང་། དེས་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་གྲོང་གསེབ་མི་གྲངས་ཁྲོད་དུ་བསྡུར་ཚད་14.7%ཟིན་ཡོད་པ་དང་། རྒྱལ་ཡོངས་གྲོང་གསེབ་ཀྱི་དབུལ་ཕོངས་མི་གྲངས་ཁྲོད་དུ་བསྡུར་ཚད་31.4%ཟིན་པ་རེད། 
          ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི་རིགས་ས་ཁུལ་ཞེས་པ་ནི་གྲངས་ཉུང་མི་རིགས་ཀྱི་མི་གྲངས་བལྟོས་བཅས་ཀྱིས་འདུས་སྡོད་བྱས་པའི་ནང་སོག་དང་། ཀོང་ཞི། བོད་ལྗོངས། ཉིང་ཞ། ཤིན་ཅང་བཅས་རང་སྐྱོང་ལྗོངས་5དང་ཀུའེ་ཀྲོའུ་དང་། ཡུན་ནན། མཚོ་སྔོན་བཅས་ཞིང་ཆེན་3ལ་ཟེར་བ་ཡིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་རྒྱལ་ཡོངས་ཀྱི་ཞིང་ཆེན་31(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར་)གི་གྲོང་གསེབ་གྲོང་མིའི་ཁྱིམ་ཚང་ཁྲི་7.4དཔེ་འདེམས་བརྟག་དཔྱད་བྱས་པར་གཞིགས་ན། མི་རེའི་ལོ་རེའེ་ཡོང་འབབ་སྒོར་2300ཡིན་པའི་རྒྱལ་ཁབ་ཀྱི་གྲོང་གསེབ་དབུལ་སྐྱོར་ཚད་གཞི་ལྟར་ཚོད་རྩིས་བྱས་ན། 2014ལོའི་ཞིང་ཆེན་དང་རང་སྐྱོང་ལྗོངས་བརྒྱད་ཀྱི་མི་རིགས་ས་ཁུལ་ཀྱི་གྲོང་གསེབ་དབུལ་ཕོངས་མི་གྲངས་ཁྲི་2205ཡོད་ཅིང་། ལོ་གོང་མ་ལས་ཁྲི་357ཉུང་དུ་སོང་བ་དང་། དབུལ་ཕོངས་སེལ་ཚད་13.9%ཡིན་པས། རྒྱལ་ཡོངས་ཀྱི་དུས་མཚུངས་ལས་དབུལ་ཕོངས་སེལ་ཚད་14.9%རེད།
      

    ཕྱོགས་བསྡུས་གསར་འགྱུར།