འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།<<བོད་ལྗོངས་འཕེལ་རྒྱས་གཏོང་ལམ་གྱི་ལོ་རྒྱུས་གདམ་གསེས་>>ཞེས་པའི་རྒྱབ་ཤ་
    དཀར་པོའི་དེབ་པར་འགྲེམས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་16ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་15ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གསར་འགྱུར་གཞུང་ལས་ཁང་གིས་<<བོད་ལྗོངས་འཕེལ་རྒྱས་གཏོང་ལམ་གྱི་ལོ་རྒྱུས་གདམ་གསེས་>>ཞེས་པའི་རྒྱབ་ཤ་དཀར་པོའི་དེབ་པར་འགྲེམས་བྱས་ཏེ་བོད་ལྗོངས་འཕེལ་རྒྱས་ཀྱི་ལོ་རྒྱུས་གྲུབ་འབྲས་ངོ་སྤྲོད་བྱས་པ་དང་། བོད་ལྗོངས་འཕེལ་རྒྱས་གཏོང་ལམ་འདི་ནི་ལོ་རྒྱུས་ཀྱི་གདམ་གསེས་ལྡོག་མེད་ཡིན་པའི་ཆོད་གཏམ་ཕྱོགས་ཡོངས་ནས་ཞིབ་བརྗོད་བྱས་པ་རེད།
         རྒྱབ་ཤ་དཀར་པོའི་དེབ་ཡོངས་ལ་ཡིག་འབྲུ་ཁྲི་2.7ཡོད་ཅིང་། དེས་གཞི་གྲངས་དང་དོན་དངོས་འབོར་ཆེན་སྤྱད་དེ་ཕྱོགས་ལྔ་ནས་བོད་ལྗོངས་འཕེལ་རྒྱས་གཏོང་ལམ་ནི་ལོ་རྒྱུས་ཀྱི་གདམ་གསེས་ལྡོག་མེད་ཡིན་ལུགས་ངོ་སྤྲོད་བྱས་ཡོད་པ་སྟེ། ལམ་ལུགས་རྙིང་པ་བོད་ལྗོངས་ཀྱི་ལོ་རྒྱུས་གར་སྟེགས་ནས་ཕྱིར་འབུད་པ་ནི་ལྡོག་མེད་ཡིན་པ་དང་། བོད་ལྗོངས་གསར་པ་འཕེལ་རྒྱས་གཏོང་ལམ་ཡང་དག་པར་བསྐྱོད་ཡོད་པ། “དབུ་མའི་ལམ”ཞེས་པའི་ངོ་བོ་ནི་ཀྲུང་གོ་ཁ་ཕྲལ་གཏོང་རྒྱུ་ཡིན་པ། “ཞི་བདེ”དང“དྲག་ཤུགས་མི་སྤྱོད”ཅེས་པ་འཕྲུལ་སྣང་ཡིན་པ། ཀྲུང་དབྱང་སྲིད་གཞུང་གིས་ཏ་ལའི་བླ་མ་སྐྱེ་ཕྲེང་བཅུ་བཞི་པར་འཛིན་པའི་སྲིད་ཇུས་བཅས་ཚུད་ཡོད།
         རྒྱབ་ཤ་དཀར་པོའི་དེབ་ཀྱི་ནང་ནས་བོད་ལྗོངས་ཀྱི་མ་འོངས་པ་ནི་བོད་ལྗོངས་མི་དམངས་ཚང་མར་དབང་བ་དང་། ཀྲུང་ཧྭ་མི་རིགས་ཡོངས་ལ་དབང་བས། བོད་ལྗོངས་ཀྱི་འབྱུང་འགྱུར་ནི་སྔར་ལས་བདེ་སྐྱིད་ཆེ་ཞིང་མཛེས་སྡུག་ལྡན་པ་ཡིན་ཞེས་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།