འཚོལ་བཤེར།   
藏文频道
2015ལོའི་ཟླ་4ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཡུན་ནན་གྱིས་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ནས་ལམ་དྲ་སོགས་རྨང་གཞིའི་སྒྲིག་བཀོད་
    འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 04ཚེས་15ཉིན། 16:45】   (རྩོམ་སྒྲིག་འགན་འཁུར་པ། ཀླུ་མཚོ།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་4ཚེས་8ཉིན་གསར་འགོད་པས་ཡུན་ནན་ཞིང་ཆེན་གྱི་སྒོ་དབྱེའི་ལས་དོན་ཚོགས་འདུའི་ཐོག་ནས་བྱུང་རྟོགས་བྱུང་བར། ཡུན་ནན་གྱིས་ཕྱོགས་བསྡུས་འགྲིམ་འགྲུལ་གཙོ་གནད་དུ་བཟུང་བའི་གཞུང་ལམ་དྲ་བ་དང་། མཁའ་འགྲུལ་དྲ་བ། ནུས་རྒྱུ་འགན་ལེན་དྲ་བ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་རྒྱག་པ་དང་། ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཛུགས་སྐྲུན་དང་ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། ཞིང་ཆེན་དེ་ཡོངས་ཀྱི་སྒོ་དབྱེའི་ཁོར་ཡུག་བཟང་སྒྲིག་ཤུགས་ཆེན་བྱེད་པ་བཅས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་འཕེལ་རྒྱས་འཐབ་ཇུས་ལ་ཧུར་བརྩོན་དང་རང་འགུལ་ཆེན་པོས་ཞབས་འདེགས་ཞུ་རྒྱུ་དང་དེའི་ནང་ཞུགས་རྒྱུ་རེད།
         ཟླ་4ཚེས་8ཉིན་ཡུན་ནན་ཞིང་ཆེན་གྱིས་རུའེ་ལི་གྲོང་ཁྱེར་དུ་ཞིང་ཆེན་དེ་ཡོངས་ཀྱི་སྒོ་དབྱེའི་ལས་དོན་ཚོགས་འདུ་འཚོགས་ཏེ་སྒོ་མོ་འབྱེད་རྒྱ་སྔར་བས་ཆེ་རུ་གཏོང་རྒྱུའི་ལས་དོན་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད། ཡུན་ནན་ཞིང་ཨུད་ཀྱི་ཧྲུའུ་ཅི་ལི་ཅི་ཧོང་གིས་ཡུན་ནན་གྱི་ཕྱི་ཕྱོགས་སྒོ་དབྱེའི་ངོས་ནས་བརྗོད་ན་འགྲིམ་འགྲུལ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དེ་འགག་རྩ་ཞིག་ཡིན། 2020ལོར་སླེབས་སྐབས་ཡུན་ནན་གྱིས་ཕྱོགས་བསྡུས་འགྲིམ་འགྲུལ་གཙོ་གནད་དུ་བཟུང་བའི་གཞུང་ལམ་དྲ་བ་དང་། མཁའ་འགྲུལ་དྲ་བ། ནུས་རྒྱུ་འགན་ལེན་དྲ་བ་སོགས“དྲ་བ་ལྔ”ཡི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་ཆེན་པོ་བརྒྱབ་ནས་མྱུར་བགྲོད་གཞུང་ལམ་གྱི་སྤྱིའི་ལམ་ཐག་སྤྱི་ལེ་6000ཟིན་པ་བྱ་རྒྱུ་སོགས་འཆར་འགོད་དམིགས་ཚད་མངོན་འགྱུར་ཐུབ་པའི་བརྩོན་ལེན་ཧུར་ཐག་བྱ་རྒྱུ་ཡིན། དུས་མཚུངས་སུ་སྒོ་མོ་འབྱེད་རྒྱ་ཆེར་གཏོང་གི་ཕྱོགས་བསྡུས་ཞབས་ཞུའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ་དང་། ཚོང་དོན་ཁོར་ཡུག་རྩེ་གྲ་གཏོད་པ། ཁྲིམས་སྐྱོང་ཁོར་ཡུག་ཕྱོགས་ཡོངས་ནས་ལེགས་སུ་གཏོང་བ་བཅས་བྱས་ནས་ཡུན་ནན་གྱི་སྒོ་དབྱེ་གསར་སྤེལ་གྱི་སྣོད་བཅུད་བཟང་པོར་སྲུང་སྐྱོང་ཏན་ཏིག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།