འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཏ་ལའི་ལོ་མའི་དཔེ་ཆའི་སམ་བོད་དབྱིན་རྒྱའི་ཤན་སྦྱར་ཚིག་མཛོད་སྒྲིག་པའི་དགོས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་16ཉིན། 18:25】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཏ་ལའི་ལོ་མའི་དཔེ་ཆའི་སམ་བོད་དབྱིན་རྒྱའི་ཤན་སྦྱར་ཚིག་མཛོད་སྒྲིག་པའི་དགོས་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མི་དམངས་དྲ་བའི་གསར་འགོད་པས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་གཞོན་པ། ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སུའོ་ཡི་འགོ་གཙོ་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ལ་བཅར་འདྲི་བྱས་པའི་ཁྲོད། ཏ་ལའི་ལོ་མའི་དཔེ་ཆའི་སམ་བོད་དབྱིན་རྒྱའི་ཤན་སྦྱར་ཚིག་མཛོད་སྒྲིག་པའི་དགོས་པའི་སྐོར་ལ་ལན་བསྐྱོན་པ།
         ཁོང་གིས་མིག་སྔར་རྒྱལ་ནང་གི་ཏ་ལའི་ལོ་མའི་དཔེ་ཆའི་དོ་དམ་དང་ཞིབ་འཇུག་ལས་ཀའི་ཁྲོད། ལེགས་སྦྱར་གྱི་སྐད་ཤེས་མཁན་དང་དེ་ལ་ཞིབ་འཇུག་བྱེད་མཁན་གྱི་མི་སྣ་ཧ་ཅང་ཉུང་བ་སོགས་ཀྱིས་ཏ་ལའི་ལོ་མའི་དཔེ་ཆ་སྲུང་སྐྱོབ་དང་ཞིབ་འཇུག་ལ་ཤུགས་རྐྱེན་མི་དམན་པ་ཞིག་ཐེབས་ཡོད། དེ་བས། ཏ་ལའི་ལོ་མའི་དཔེ་ཆའི་སམ་བོད་དབྱིན་རྒྱའི་ཤན་སྦྱར་ཚིག་མཛོད་ཅིག་བསྒྲིག་རྒྱུ་ནི་ཁ་ཚ་དགོས་གཏུགས་སུ་གྱུར་ཡོདཔ་རེད། དེང་སྐབས། རྒྱལ་ཁབ་ཀྱིས་འབྲེལ་ཡོད་སྲིད་ཇུས་དང་མ་དངུལ་སོགས་ཀྱི་ཐད་ནས་རྒྱབ་སྐྱོར་ཆེན་པོ་གནང་བཞིན་ཡོད་པས། ཏ་ལའི་ལོ་མའི་དཔེ་ཆའི་སམ་བོད་ཤན་སྦྱར་ཚིག་མཛོད་སྒྲིག་པ་ལས་ལེགས་སྦྱར་གྱི་སྐད་ལ་སློབ་གཉེར་གནང་མཁན་དང་། ཏ་ལའི་ལོ་མའི་དཔེ་ཆའི་ཞིབ་འཇུག་དང་དོ་དམ་གྱི་ཕྱོགས་ལ་འབད་བརྩོན་བྱེད་པའི་མི་རྣམས་ལ་ཡང་ཕན་ནུས་གང་ལེགས་ཞིག་འདོན་ཐུབ་པ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།