འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིབ་འཇུག་གི་མི་སྣ་ཉུང་བ་ནི་ཏ་ལའི་ལོ་མའི་དཔེ་ཆར་དོ་དམ་དང་ཞིབ་འཇུག་བྱེད་པའི་
    སྐབས་ཀྱི་དཀའ་ཁག་ཆེས་ཆེ་བ་དེ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་16ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཞིབ་འཇུག་གི་མི་སྣ་ཉུང་བ་ནི་ཏ་ལའི་ལོ་མའི་དཔེ་ཆར་དོ་དམ་དང་ཞིབ་འཇུག་བྱེད་པའི་
སྐབས་ཀྱི་དཀའ་ཁག་ཆེས་ཆེ་བ་དེ་ཡིན་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མི་དམངས་དྲ་བའི་གསར་འགོད་པས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་གཞོན་པ། ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སུའོ་ཡི་འགོ་གཙོ་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ལ་བཅའ་འདྲི་བྱས་པའི་ཁྲོད། ཏ་ལའི་ལོ་མའི་དཔེ་ཆ་དོ་དམ་བྱེད་པའི་སྐབས་ཀྱི་དཀག་ཁག་གི་སྐོར་ལ་ཁོང་གིས་ལན་བསྐྱོན་པ།
         ཁོང་གིས་ཏ་ལའི་ལོ་མའི་དཔེ་ཆར་དོ་དམ་དང་ཞིབ་འཇུག་བྱེད་པའི་སྐབས། ཏ་ལའི་ལོ་མའི་དཔེ་ཆའི་ཞིབ་འཇུག་མཁན་དང་། དེའི་སྐོར་ལ་དོ་སྣང་བྱེད་པའི་མི་དང་ཤེས་ལྡན་མི་སྣ། ལེགས་སྦྱར་གྱི་སྐད་ལ་ཞིབ་འཇུག་བྱེད་མཁན་སོགས་ཧ་ཅང་ཉུང་བ་ནི་མིག་སྔར་གྱི་དཀའ་ངལ་ཆེས་ཆེ་བ་དེ་རེད་ཅེས་བརྗོད་པ་དང་། དཀའ་ཁག་དེ་དག་སེལ་ཆེད་དུ་ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་ཞེས་པའི་དུས་དེབ་བོད་ཡིག་དང་རྒྱ་ཡིག་གཉིས་གསར་དུ་སྤེལ་ཡོད་པ་མ་ཟད། ཏ་ལའི་ལོ་མའི་དཔེ་ཆའི་སམ་བོད་དབྱིན་རྒྱ་ཤར་སྦྱར་ཚིག་མཛོད་ཅེས་པ་འདི་ཡང་གསར་བཟོ་བྱེད་འགོ་རྩོམ་གྲབས་ཡོད་ཅེས་བརྗོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།