འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།རང་གི་རིག་གནས་སྲུང་སྐྱོབ་དང་བཀོལ་སྤྱོད། རིག་གནས་གསར་པ་ནང་འདྲེན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་16ཉིན། 14:16】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རང་གི་རིག་གནས་སྲུང་སྐྱོབ་དང་བཀོལ་སྤྱོད། རིག་གནས་གསར་པ་ནང་འདྲེན།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་མི་དམངས་དྲ་བའི་གསར་འགོད་པས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ནམ་བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་འགོ་གཙོ་གཞོན་པ། ཏ་ལའི་ལོ་མའི་དཔེ་ཆ་ཞིབ་འཇུག་སུའོ་ཡི་འགོ་གཙོ་འབྲོང་བུ་ཚེ་རིང་རྡོ་རྗེ་ལགས་ལ་བཅར་འདྲི་བྱས་པའི་ཁྲོད། ཐེངས་འདིའི་ཚོགས་ཆེན་གཉིས་ཀྱི་སྟེང་ཏ་ལའི་ལོ་མའི་དཔེ་ཆའི་སམ་བོད་དབྱིན་རྒྱའི་ཤན་སྦྱར་ཚིག་མཛོད་སྒྲིག་དགོས་པ་ལས་གྲོས་གཞི་གཞན་བཏོན་ཡོད་མེད་ལ་ལན་བསྐྱོན་པ།
         ཁོང་གིས་ཁོ་རང་ཉིད་རིག་གནས་ཀྱི་སྐོར་ལ་དོ་སྣང་བྱེད་མཁན་ཞིག་ཡིན་པའི་ཆ་ནས། རང་མི་རིགས་ལ་ས་སྐྱེས་རྡོ་སྐྱེས་ཀྱི་བོན་གྱི་རིག་གནས་ཤིག་ཡོད་པ་མ་ཟད། སངས་རྒྱས་ཆོས་ལུགས་ལྟ་བུའི་ཕྱི་ཕྱོགས་ཀྱི་རིག་གནས་ ཤིག་ཀྱང་ནང་འདྲེན་བྱས་ཡོད།  དེ་ལས་སངས་རྒྱས་ཆོས་ལུགས་འདི་ཉིད་བེད་སྤྱོད་ལེགས་པོར་བྱེད་ཤེས་ན། དེ་ནི་རླབས་ཆེན་གྱི་རིག་གནས་ཤིག་ཡིན་པ་དང་སེམས་ཀྱི་ཚན་རིག་ཅིག་ཀྱང་རེད། འོན་ཏང་། བོད་ཀྱི་དངོས་ཡོད་སྤྱི་ཚོགས་འདི་འཕེལ་རྒྱས་སུ་འགྲོ་དགོས་ན། བོད་ཀྱི་སྔར་ཡོད་རིག་གནས་ཆེན་པོ་འདི་གཉིས་རྨང་གཞི་བྱས་ཐོག  དེང་གི་ཚན་རིག་གི་རིག་གནས་གསར་པ་འདི་ཉིད་ནང་འདྲེན་བྱས་ནས་བོད་ཀྱི་སྤྱི་ཚོགས་ཁྲོད་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་བྱེད་དགོས་པ་རེད་ཅེས་བརྗོད་པ་དང་། རིག་གནས་གསར་པ་སྟེ་ཚན་རིག་གི་རིག་གནས་འདི་ཉིད་ནང་འདྲེན་བྱེད་པ་ནི་བོད་ཀྱི་སྔར་ཡོད་ཀྱི་རིག་གནས་དེ་གཉིས་གཏོར་བཤིག་དང་མེད་བརླག་ཏུ་གཏོང་བ་ཞིག་མ་ཡིན་པར། རིག་གནས་འདི་གསུམ་པོ་ཟུང་འབྲེལ་ལམ་སྙོམས་སྒྲིག་ལེགས་པོ་ཞིག་བྱས་ཏེ་ཡང་བསྐྱར་བོད་ཀྱི་སྤྱི་ཚོགས་ལ་གསོན་ཤུགས་གསར་པ་ཞིག་རྒྱས་སུ་འཇུག་དགོས་པ་རེད་ཅེས་ཁོང་གིས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།