འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཏ་ལའི་ལོ་མའི་དཔེ་ཆའི་ངོ་སྤྲོད་མདོར་བསྡུས།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་16ཉིན། 14:04】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཏ་ལའི་ལོ་མའི་དཔེ་ཆའི་ངོ་སྤྲོད་མདོར་བསྡུས།
         ཏ་ལའི་ལོ་མའི་དཔེ་ཆ་ཞེས་པའི་ཁྲོད་ཏ་ལའི་ལོ་མ་དང་ཏ་ལའི་ལོ་མའི་དཔེ་ཆ་གཉིས་ཡོད་པ་སྟེ། དང་པོར་ཏ་ལའི་ལོ་མ་ནི་ཤིང་ཏ་ལའི་ལོ་མ་སྟེ། ཤིང་ཏ་ལ་ནི་ཚ་བའི་ཁུལ་དུ་སྐྱེས་ཞིང་། སྡོང་པོ་དྲང་ལ་རིང་བ། ཡལ་ག་མེད་པ། ཕྱི་ངོས་སུ་ཤིང་ཤུན་སྲབ་མོའམ་ཤིང་སྐུད་སྤུ་འཛིངས་པ་ལྟ་བུ་འཕྱངས་པ། ལོ་མ་སྡེར་དབྱིབས་ཆེ་བ་སྡོང་རྩེར་སྤུངས་ཏེ་སྐྱེ་བ། མེ་ཏོག་སེར་པོ་འཆར་ཞིང་འབྲས་བུ་ཟླུམ་པོ་འདོགས་པ། སྡོང་པོ་རྒྱུན་པར་སྔོ་བ། རྩེ་མོ་བཅད་ན་མི་སྐྱེ་བ། སྐམ་ཡང་རླན་དང་ཕྲད་ན་སྐྱེ་བ་ཞིག་ཡིན་པ་དང་། དེའི་ལོ་མས་བསིལ་ཡབ་དང་སྡོང་ཤིང་གིས་ཅ་ལག་བཟོ་ཆོག སྔར་རྒྱ་གར་སོགས་སུ་ཤིང་ཏའི་ལོ་མ་ནི་དཔེ་ཆའི་འབྲི་གཞི་ལ་སྤྱོད་པ་རེད།
         ཏ་ལའི་ལོ་མའི་དཔེ་ཆ་ནི་སངས་རྒྱས་ཀྱི་བཀའ་བསྟན་དགོངས་འགྲེལ་སོགས་ཤིང་ཏ་ལའི་ལོ་མའི་ཐོག་བྲིས་པའི་གླེགས་བམ་ལ་ཟེར་ཞིང། དེ་ནི་སྔོན་གྱི་རྒྱ་གར་དང་བོད་སོགས་སུ་མང་པོ་བྱུང་ཡོད། མིག་སྔར་བོད་ཀྱི་དགོན་སྡེ་ཁག་དང་རྒྱལ་ཁབ་རིམ་པའི་བཤམས་མཛོད་ཁང་འགར་གསོག་ཉར་དང་བསྡུ་རུབ་གནང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།