འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་11ཉིན།
  • མི་དམངས་དྲ་བ།

    ༄༅།།འཇར་མན་གྱི་ཙུང་ལིས་རི་པིན་ལ་འཚམས་འདྲི་བྱེད་སྐབས་ལོ་རྒྱུས་ཁས་ལེན་བྱེད་དགོས་
    ལུགས་བསྐྱར་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་11ཉིན། 08:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།འཇར་མན་གྱི་ཙུང་ལིས་རི་པིན་ལ་འཚམས་འདྲི་བྱེད་སྐབས་ལོ་རྒྱུས་ཁས་ལེན་བྱེད་དགོས་
ལུགས་བསྐྱར་བསྒྲགས་བྱས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་3ཚེས་9ཉིན་རི་པིན་དུ་འཚམས་འདྲི་གནང་བཞིན་པའི་འཇར་མན་གྱི་ཙུང་ལི་མོ་ཁེའར་གྱིས་ཐོ་ཁེའོ་གྲོང་ཁྱེར་དུ་གཏམ་བཤད་གནང་སྐབས། ལོ་རྒྱུས་ཁས་ལེན་བྱ་རྒྱུ་ནི་འཇར་མན་རྒྱལ་སྤྱིའི་སྤྱི་ཚོགས་ནང་བསྐྱར་དུ་ཞུགས་པའི་སྔོན་འགྲོའི་ཆ་རྐྱེན་ཡིན་པ་དང་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ་70འཁོར་བ་དེ་འཇར་མན་དང་རི་པིན་གྱི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་བསྟན་པ་རེད།
         མོ་ཁེའར་གྱིས་དམག་འཁྲུག་ནི་འཇར་མན་གྱི་ཡིད་སྐྱོ་བའི་དྲན་གསོ་ཞིག་ཡིན་པ་དང་འཇར་མན་གྱིས་དུས་ནམ་ཡང་ལོ་རྒྱུས་བརྗེད་མི་སྲིད། འདི་ལོ་ནི་འཛམ་གླིང་དམག་ཆེན་གཉིས་པ་མཇུག་འགྲིལ་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པས་འཇར་མན་དང་རི་པིན་གཉིས་ཀའི་ངོས་ནས་བཤད་ན་དོན་སྙིང་གལ་ཆེན་ལྡན་པའི་ལོ་ཞིག་རེད་ཅེས་བཤད་པ་རེད།
         གཏམ་བཤད་མཇུག་འགྲིལ་རྗེས་མོ་ཁེའར་གྱིས“རི་པིན་གྱིས་ཀྲུང་གོ་དང་ཧན་གོ་རྒྱལ་ཁབ་གཉིས་དང་ལོ་རྒྱུས་ཀྱི་གནད་དོན་ཐད་ཁ་གཏད་དུ་ལངས་པ་དེ་ཐག་གཅོད་ཇི་ལྟར་བྱེད་དགོས་སམ”ཞེས་པའི་དྲི་བར་ལན་འདེབས་སྐབས་འཇར་མན་གྱིས་ན་ཙིར་བས་ཡ་ཀུ་ཐ་པ་དམར་གསོད་ཆེན་པོ་བཏང་བའི་ལོ་རྒྱུས་ཕྲག་ཏུ་འཁུར་བ་དང་འཇར་མན་གྱིས་འདས་ཟིན་པའི་ལོ་རྒྱུས་ཁས་ལེན་བྱས་པའི་དབང་གིས་དམག་ཆེན་གཉིས་པ་མཇུག་འགྲིལ་རྗེས་གཞི་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དང་ལེན་བྱས་ཡོད་ཅེས་བཤད། ཁོང་གིས་ལོ་རྒྱུས་ཁས་ལེན་བྱ་རྒྱུ་དེ་རྒྱལ་སྤྱིའི་སྤྱི་ཚོགས་དང་རྒྱལ་སྤྱིའི་འབྲེལ་བའི་ཁྲོད་གལ་འགངས་ཧ་ཅང་ཆེན་པོ་རེད་ཅེས་བསྟན་པ་རེད།
    ༄༅།།འཇར་མན་གྱི་ཙུང་ལིས་རི་པིན་ལ་འཚམས་འདྲི་བྱེད་སྐབས་ལོ་རྒྱུས་ཁས་ལེན་བྱེད་དགོས་
ལུགས་བསྐྱར་བསྒྲགས་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།