འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་27ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཚོགས་འདུའི་དུས་ཚོད་གཏན་འཁེལ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་27ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།2015ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཚོགས་འདུའི་དུས་ཚོད་གཏན་འཁེལ་བྱས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་26ཉིན་པེ་ཅིང་གྲོང་ཁྱེར་གྱི་མའེ་ཏུ་ཡ་ལྟེ་གནས་སུ་ཡོད་པའི་2015ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་གསར་ལྟེ་གནས་ཀྱི་གྲ་སྒྲིག་བྱ་བ་ལེགས་གྲུབ་བྱུང་བ་དང་། ཚེས་27ཉིན་ནས་བཟུང་གསར་འགོད་པར་སྒོ་འབྱེད་རྒྱུ་ཡིན་པ་རེད། སྐབས་བཅུ་གཉིས་པའི་རྒྱལ་ཡོངས་མི་དམངས་འཐུས་མི་གྲོས་ཚོགས་ཐེངས་གསུམ་པ་དང་སྲིད་གྲོས་སྐབས་བཅུ་གཉིས་པའི་རྒྱལ་ཡོངས་ཨུ་ལྷན་གྲོས་ཚོགས་ཐེངས་གསུམ་པ་གཉིས་2015ལོའི་སྤྱི་ཟླ་3ཚེས་5ཉིན་དང་སྤྱི་ཟླ་3ཚེས་3ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་ཞིང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་གཞུང་དོན་ཐིང་དང་རྒྱལ་ཡོངས་སྲིད་གྲོས་གཞུང་དོན་ཐིང་གཉིས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་གསར་འགོད་པ་ཚོ་གསར་འགོད་གནང་བར་ཕེབས་པ་ལ་དགའ་བསུ་ཞུ་ཞེས་དྲིལ་བསྒྲགས་བྱས། ཚོགས་ཆེན་གཉིས་ཀྱི་གསར་འགྱུར་ལྟེ་གནས་ཀྱིས་སྤྱི་ཟླ་2ཚེས་27ཉིན་ནས་བཟུང་ལས་ཀའི་འགོ་རྩོམ་རྒྱུ་ཡིན་པ་རེད།
    【1】  【2】  【3】  【4】
    ༄༅།།2015ལོའི་རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་ཚོགས་འདུའི་དུས་ཚོད་གཏན་འཁེལ་བྱས་པ།
      

    ཕྱོགས་བསྡུས་གསར་འགྱུར།