འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།མཉམ་འབྲེལ་རྒྱལ་ཚོགས་སུ་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་གཉེར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་26ཉིན། 14:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་དེ་ཀྲུང་གོ་མི་དམངས་ཁོ་ནའི་མ་ཡིན་པར་འཛམ་གླིང་མི་དམངས་ལའང་དབང་བ་ཞིག་རེད། སྤྱི་ཟླ་2ཚེས་12ཉིན་གྱི་དགོང་མོར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཐོག་སོ་བཞི་པའི་ཚོམས་ཆེན་དུ་གློག་སྒྲོན་གྱི་འོད་ཟེར་འཕྲོ་བ་དང་མི་སྣ་མང་ཞིང་།“མཛའ་གྲོགས་ཟམ་པ”ཞེས་པའི་ཀྲུང་གོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས་དེ་རྒྱལ་སྤྱིའི་གར་སྟེགས་མཐོ་ཤོས་དེའི་སྟེང་འཁྲབ་སྟོན་བྱེད་ཅིང་། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་གཞོན་པ་ཙི་ལུའུ་ཅུས་དབྱི་དང་། དྲུང་ཆེ་གཞོན་པ་པན་ཁུ་ལ། དྲུང་ཆེ་གཞོན་པ་ཀའེ་ཐུའུ་སོགས་སྐུ་མགྲོན་30ལྷག་ཙམ་ལྷན་འཛོམས་བྱས་ཏེ་ཀྲུང་གོའི་དུས་ཆེན་དགའ་གཏོང་བྱས་པ་རེད།
         བུད་མེད་ཆུ་ཤེལ་རོལ་དབྱངས་ཚོགས་པ་དང་། མུ་ཧྭ་ལུན། ཕུང་རུའེ་ལི། ཧོང་དབྱིང་། ཧོ་ཙུན། ཀྲུའུ་ཀྲི་ཆིང་། ལུའེ་སི་ཆིན། ཀྲུང་གོ་རྒྱལ་སྤྱིའི་རླུང་འཕྲིན་ལས་ཁུངས་ཀྱི་རྒྱལ་ཁོངས་ཨ་རི་ཡིན་པའི་གཙོ་སྐྱོང་པ་ཅིན་ཞའོ་ཡུས། ཨ་རིའི་དར་སོ་ཆེ་བའི་གཞས་གཏོང་མཁན་ཁའོ་ཏི་བཅས་ཀྱིས་<<རེ་བས་ཁེངས་པའི་ས་གཞིའི་སྟེང་>>ཞེས་པ་སོགས་སྙན་འཇེབས་ལྡན་ལ་རྒྱུས་མངའ་ཆེ་བའི་གླུ་གཞས་རེ་རེ་བཞིན་སྐྱེས་སུ་ཕུལ་བ་དང་ཅིང་ཅུས་ཟློས་གར་དང་། ཁྲོན་ཅུས་ཟློས་གར་གྱི་གདོང་འབག་འགྱུར་བ། རྨ་བྱའི་ཞབས་བྲོ་སོགས་འཁྲབ་སྟོན་གྱིས་དཔྱིད་གསར་དགོང་ཚོགས་དེར་མཐོ་རླབས་ཡང་ཡང་འཕྱུར་བ་དང་ཚུའེ་པའོ་དབྱིང་དང་ཅིན་ཞའོ་ཡུས་ཀྱི་བསྟན་བཤིག་ཆེ་ལ་དགོད་བྲོ་བའི་གཙོ་སྐྱོང་འོག་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲ་དང་དགོད་སྒྲ་ལྷང་ལྷང་དུ་གྲགས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།