འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།>>བོད་ལྗོངས།

    ༄༅།།བོད་ལྗོངས་སྐྱིད་རོང་རྫོང་ཁོངས་སུ་གངས་རྡིབ་བྱུང་སྟེ་མི་2རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་27ཉིན། 09:14】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་སྐྱིད་རོང་རྫོང་ཁོངས་སུ་གངས་རྡིབ་བྱུང་སྟེ་མི་2རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཟླ་2ཚེས་26ཉིན་བོད་ལྗོངས་སྤྱི་བདེ་མཐའ་སྲུང་སྤྱི་ཁྱབ་རུ་ཁག་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟླ་2ཚེས་24ཉིན་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་བྲག་དཀར་དགོན་གྱི་ཉེ་འགྲམ་དུ་གཞི་ཁྱོན་ཆེ་བའི་གངས་རྡིབ་བྱུང་ནས་སྐྱིད་གྲོང་ནས་རི་ཟུར་བར་གྱི་གཞུང་ལམ་ཐོག་སྐྱོད་བཞིན་པའི་རླངས་འཁོར་4དང་མི་17དེ་གར་ལུས་པ་དང་། མི་མང་པོ་ཞིག་གངས་རྡིབ་འོག་ཏུ་ཚུད་ནས་ཚེ་སྲོག་ལ་ཉེན་ཁ་འཕྲད། ཛ་དྲག་ཆེ་བའི་སྐྱོབ་རོགས་བྱས་པ་བརྒྱུད་མིག་སྔར་མི་15བསྐྱབས་པ་དང་མི་2སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བ་རེད།
         སྐྱོབ་རོགས་ཆ་འཕྲིན་འབྱོར་རྗེས་སྐྱིད་གྲོང་མཐའ་མཚམས་ཀྱི་འཐབ་ཕྱོགས་དང་པོར་བརྟན་སྲུང་བྱེད་བཞིན་པའི་བོད་ལྗོངས་མཐའ་སྲུང་སྤྱི་ཁྱབ་རུ་ཁག་གི་བབ་བསྟུན་ཉིང་ལག་རུ་ཁག་གིས་འཕྲལ་མར་འཕྲལ་སྒྲུབ་མྱུར་སྐྱོབ་གེགས་སེལ་གྱི་སྔོན་ཇུས་ལག་བསྟར་བྱས་ཏེ་ཉེན་རྟོག་པ་50སྐོང་བསྡུ་བྱས་ནས་སྤྱི་ལེ་40ཡི་ཕྱི་རོལ་དུ་ཡོད་པའི་གནོད་འཚེ་ཕོག་ཡུལ་དུ་བསྐྱོད་དེ་སྐྱོབ་རོགས་བྱས་ཤིང་། མཐའ་སྲུང་དཔོན་དམག་དང་མཐའ་འཁོར་མང་ཚོགས་ཀྱིས་ཆུ་ཚོད་4ལྷག་ཙམ་བསྟུད་མར་འབད་འཐབ་བྱས་པ་བརྒྱུད་ཚེས་25ཉིན་གྱི་ཆུ་ཚོད་1པོར་མི་16བསྐྱབས་ཐུབ་པ་དང་མི་1གར་སོང་ཆ་མེད་དུ་གྱུར་བ་རེད།
         ཟླ་2ཚེས་25ཉིན་གྱི་ཆུ་ཚོད་24བར་བསྐྱབས་ཐུབ་པའི་མི་16གི་ནང་ནས་མི་1ལ་རྨས་སྐྱོན་ཚབས་ཆེན་ཕོག་པའི་རྐྱེན་གྱིས་ཤི་བ་དང་གར་སོང་ཆ་མེད་དུ་གྱུར་བའི་མི་གཞན་དེ་རྐྱེན་ལམ་དུ་ཤོར་བ་ཤེས་རྟོགས་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།