འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་26ཉིན།
  • མི་དམངས་དྲ་བ།

    ༄༅།།ཤིན་ཅང་གི་པ་ཁྲུའུ་རྫོང་ཁོངས་སུ་རླངས་འཁོར་དོན་རྐྱེན་བྱུང་སྟེ་མི་22རྐྱེན་ལམ་དུ་ཤོར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་26ཉིན། 17:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཤིན་ཅང་གི་པ་ཁྲུའུ་རྫོང་ཁོངས་སུ་རླངས་འཁོར་དོན་རྐྱེན་བྱུང་སྟེ་མི་22རྐྱེན་ལམ་དུ་ཤོར་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་24ཉིན་གྱི་ཆུ་ཚོད་23དང་སྐར་མ་27སྟེང་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་པ་ཁྲུའུ་རྫོང་ཁོངས་ཀྱི་ཨ་ཁི་སུའུ་ནས་ཁཱ་ཧྲིར་བསྐྱོད་པའི་མྱུར་བགྲོད་གཞུང་ལམ་ཐོག་འགྲུལ་སྐྱེལ་རླངས་འཁོར་ཞིག་ལ་འགྲིམ་འགྲུལ་དོན་རྐྱེན་བྱུང་སྟེ་མི་22རྐྱེན་ལམ་དུ་ཤོར་བ་དང་། མི་38ལ་རྨས་སྐྱོན་ཕོག་པ་རེད། མིག་སྔར། ས་གནས་དེ་གའི་སྲིད་གཞུང་གིས་ནུས་ཤུགས་ཡོད་རྒུས་རྨས་མ་མྱུར་སྐྱོར་དང་དོན་རྐྱེན་གྱི་འབྱུང་རྐྱེན་ལ་བརྟག་ཞིབ་བྱེད་བཞིན་ཡོད་པ་རེད།
         ཨ་ཁཱ་མྱུར་བགྲོད་གཞུང་ལམ་དེ་ནི་ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ཨ་ཁི་སུའུ་ས་ཁུལ་དང་ཁཱ་ཧྲི་ས་ཁུལ་བར་གྱི་བགྲོད་ལམ་གལ་ཆེན་ཞིག་ཡིན་པ་དང་། སྤྱིའི་རིང་ཚད་ལ་སྤྱི་ལེ་428.49ཡོད། 2014ལོའི་ཟླ་དྲུག་པའི་ཟླ་མཇུག་ཏུ་ལེགས་གྲུབ་བྱུང་ཞིང་། ལོ་དེའི་ཟླ་དགུ་པར་རླངས་འཁོར་ཤར་གཏོང་བྱས་པ་རེད།
    ༄༅།།ཤིན་ཅང་གི་པ་ཁྲུའུ་རྫོང་ཁོངས་སུ་རླངས་འཁོར་དོན་རྐྱེན་བྱུང་སྟེ་མི་22རྐྱེན་ལམ་དུ་ཤོར་བ།
      

    ཕྱོགས་བསྡུས་གསར་འགྱུར།