འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པས་
    ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་22ཉིན། 17:12】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པས་
ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་19ཉིན་གྱི་ཕྱི་དྲོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པས་ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཏེ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་པ་རེད།
         ད་ཐེངས་ཚོགས་འདུར་ཕེབས་དགོས་པའི་འཐུས་མི་443ཡོད་པ་དང་དངོས་སུ་འཐུས་མི་375ཕེབས་ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
         ཁྲེན་ཆོན་གོ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ། ལེགས་མཆོག པ་སངས། ཞུས་ཡུང་། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལན། ཝང་གཡུང་ཅུན། ཙེང་དབན་མིང་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད།
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞིའམ་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་ཚོགས་ཆེན་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གནང་བ་རེད། ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་། ཚང་འཛོམས་ཚོགས་འདུ་ཐེངས་གཉིས་པའི་ལག་བསྟར་ཀྲུའུ་ཞི། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་སྐར་མས་གཙོ་སྐྱོང་གནང་བ་རེད།
         པད་མ་འཕྲིན་ལས་ཀྱི་སྙན་ཞུའི་ནང་2014ལོར་ལྗོངས་ཏང་ཨུད་ཀྱི་ཡང་དག་པའི་འགོ་ཁྲིད་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན་དང“བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཧུར་ཐག་ཡོང་བ་བྱེད་དགོས་པའི”མཛུབ་སྟོན་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་སློབ་སྦྱོང་ལག་བསྟར། ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར། ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་། མི་དམངས་རང་ཐག་རང་གཅོད། ཁྲིམས་ལྟར་རྒྱལ་སྐྱོང་བཅས་ནུས་ལྡན་གཅིག་གྱུར་ཡོང་བ་མཐའ་འཁྱོངས། ལྗོངས་ཡོངས་ཀྱི་སྤྱི་ཡོངས་ལ་དམིགས་པ། ཁྲིམས་ལྟར་འགན་དབང་སྒྲུབ་པ་བཅས་བྱས་པར་བརྟེན་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་ཡོད་ཅེས་གསུངས་པ་རེད།
         པད་མ་འཕྲིན་ལས་ཀྱིས་ཕྱོགས་དྲུག་གི་ཐད་ནས་འདས་ཟིན་པའི་ལོ་དེའི་ལས་དོན་ལ་ཕྱིར་དྲན་གནང་བ་སྟེ། གཅིག་ཁྲིམས་འཛུགས་སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་ཁྲིམས་འཛུགས་ལས་དོན་ལ་ཤུགས་སྣོན་གསར་པ་ཐེབས་པ། ལོ་གཅིག་རིང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་སྤྱི་འདོམས་བཀོད་སྒྲིག་དང་། གཙོ་གནད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས། ཚན་རིག་དང་མཐུན་པའི་དམངས་གཙོའི་ཁྲིམས་འཛུགས་བཅས་ལ་ཤུགས་སྣོན་བརྒྱབ་ནས་ཁྱོན་ཁྲིམས་སྲོལ་དྲུག་བཟོས་པ་དང་ཁྲིམས་སྲོལ་གཅིག་ལ་ཞིབ་བཤེར་ཆོག་མཆན་སྤྲད་པ་མ་ཟད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་བཅའ་ཁྲིམས་འཆར་ཟིན་14ལ་བསམ་འཆར་བསྡུ་ལེན་དང་གྲོང་གསེབ་ཀྱི་དངུལ་རྩའི་ཁྲིམས་འཛུགས་བརྟག་ཞིབ་སོགས་ཀྱི་ལས་དོན་ལེགས་སྒྲུབ་བྱས་པ་དང་། གཉིས་ནི་ཕན་འབྲས་དངོས་ཐོན་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་ཁྲིམས་ལྟར་ལྟ་སྐུལ་བྱ་རྒྱུ་ལེགས་སུ་ཕྱིན་པ། རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་ཞི་མཐུན། སྣོད་བཅུད་བཟང་བ་བཅས་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ལྟ་སྐུལ་ལས་དོན་སྤེལ་བའི་ཐོག་ལྟ་སྐུལ་ཐབས་ལམ་རྒྱུན་ཆད་མེད་པར་ཆེ་རུ་བཏང་བ་དང་རྗེས་བསྙེགས་དང་སྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་རང་སྐྱོང་ལྗོངས་ཀྱི“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱི་ཆེད་དོན་སྙན་ཞུ་དགུ་ཉན་པ་དང་གྲོས་ཞིབ་བྱས་པ་དང་། ཆེད་དོན་བརྟག་ཞིབ་བཅུ་གཉིས་སྤེལ་བ། བཅའ་ཁྲིམས་ཁྲིམས་སྲོལ་བདུན་ལག་བསྟར་བྱས་ཚུལ་ལ་ཞིབ་བཤེར། ཆེད་དོན་བློ་འདྲི་ཐེངས་གཉིས་སྤེལ་བ། ཚད་ལྡན་རང་བཞིན་གྱི་ཡིག་ཆ་17ལ་ཐོ་འགོད་སྙན་སེང་དང་ཞིབ་དཔྱད་བྱས་པ། གསུམ་ནི་ནུས་པ་འདོན་སྤེལ་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས་འཐུས་མིས་འགན་ནུས་སྒྲུབ་པའི་ལས་སྟེགས་བཏོད་པར་བརྟེན་གྲོས་འགོ་སྒྲུབ་གཉེར་གྱི་ཕན་འབྲས་སྔར་བས་ཆེ་རུ་ཕྱིན་པའི་ཐོག་ཞབས་ཞུ་འགན་ལེན་གྱི་ཆུ་ཚད་སྔར་བས་མཐོ་རུ་ཕྱིན་ནས་འཐུས་མིའི་ལས་དོན་ལ་རྣམ་པ་གསར་པ་ཐོན་པ། བཞི་ནི་ཞི་མཐུན་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་བརྟན་ལྷིང་སྲུང་སྐྱོང་ལ་ལྟ་སྐུལ་མཛུབ་ཁྲིད་ཧུར་ཐག་དང་། ཁྲིམས་སྐྱོང་གི་འགན་ལེན་མཁོ་འདོན་ཧུར་ཐག ཕྱི་ཕྱོགས་ལས་དོན་ཧུར་ཐག་སྤེལ་བ་བཅས་བྱས་པར་བརྟེན་བརྟན་ལྷིང་སྲུང་སྐྱོང་ཐད་མདུན་ལམ་གསར་པ་ལྡན་པ། ལྔ་ནས་བརྟན་པོའི་ཐོག་ནས་སྤེལ་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་བསྐོ་འཐེན་གཏན་འབེབས་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་ལོ་དེའི་ནང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འབྲེལ་ཡོད་དོན་ཆེན་བརྒྱད་གཏན་འབེབས་བྱས་པ་དང་མི་290བསྐོ་འཐེན་བྱས་པ། དྲུག་ནི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་པར་བརྟེན་བསམ་བློ་འཛུགས་སྐྱོང་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་ཐེབས་པ་དང་། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་རྒྱུ་དང་ལག་ལེན་ལ་མཛུབ་ཁྲིད་བྱ་རྒྱུ་མངོན་པ། སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ། “སྤྱོད་ཚུལ་བཞི”དང“གནད་དོན་གཉིས”ཐག་གཅོད་མངོན་གསལ་བྱུང་བ། ལས་ཁུངས་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ། ཞབས་ཞུའི་འགན་ལེན་ཆུ་ཚད་མངོན་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་ཐེབས་པ་བཅས་རེད།
         པད་མ་འཕྲིན་ལས་ཀྱིས་2014ལོར་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་དེ་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཡང་དག་པའི་མཛུབ་ཁྲིད་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཁ་འབྲལ་ཐབས་མེད་པ་དང་། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མི་དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཡོངས་ཀྱིས་ཐུན་མོང་ཐོག་འབད་བརྩོན་བྱས་པ་ལས་བྱུང་བའི་འབྲས་བུ་ཞིག་དང“སྲིད་གཞུང་གཅིག་དང་ཁང་གཉིས”ཀྱིས་གཞོགས་འདེགས་དམ་ཟབ་དང་ལྗོངས་ཡོངས་ཀྱི་རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ཤུགས་ཆེའི་རྒྱབ་སྐྱོར་ལས་བྱུང་བའི་འབྲས་བུ་ཞིག་ཡིན་ཞེས་གསུངས་པ་རེད།
         པད་མ་འཕྲིན་ལས་ཀྱིས་2015ལོ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་ཞིག་དང་། ཁྲིམས་ལྟར་རྒྱལ་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་འགོ་འཛུགས་ལོ་ཞིག “ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་ཁྱོན་ཡོངས་ནས་ལེགས་གྲུབ་བྱེད་པའི་མཇུག་བསྡུའི་ལོ་ཞིག་ཡིན་ལ་བོད་རང་སྐྱོང་ལྗོངས་དབུ་བརྙེས་པ་དང་བོད་དུ་མི་དམངས་འཐུས་མི་ཚོགས་ཆེན་གྱི་ལམ་ལུགས་བཙུགས་ནས་ལོ་50འཁོར་བའི་ལོ་ཞིག་ཀྱང་ཡིན་པས་འདི་ལོའི་མི་དམངས་འཐུས་ཚོགས་ཀྱི་ལས་དོན་ཡག་པོ་སྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་དང་དེའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་མཐའ་འཁྱོངས་བྱ་རྒྱུ་དེ་རྩ་བའི་ཁ་ཕྱོགས་དང་། ཐོག་མཐའ་བར་གསུམ་དུ་སྒྱུར་འཕེལ་བརྟན་གསུམ་ལ་ཞབས་འདེགས་ཞུ་རྒྱུ་དེ་རྩ་བའི་ལས་འགན། ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་དུས་བསྟུན་ཡར་བརྩོན་ལ་ཐོག་མཐའ་བར་གསུམ་དུ་སྐུལ་འདེད་གཏོང་རྒྱུ་དེ་རྩ་བའི་བླང་བྱ་བཅས་ལ་བརྩིས་ཡོད། ཁྱད་ཆོས་མངོན་པ་དང་དངོས་སྒྲུབ་གོ་ཆོད་ཡོང་བ་བྱས་ཏེ་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཁྲོད་ས་གནས་ཁྲིམས་འཛུགས་ཀྱི་སྣེ་ཁྲིད་དང་སྐུལ་འདེད་ཀྱི་ནུས་པ་སྔར་བས་འདོན་སྤེལ་དང་། གཙོ་གནད་མངོན་གསལ་དང་ཕན་འབྲས་དངོས་ཆེ་རུ་བཏང་སྟེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུའི་འཕེལ་རིམ་ཁྲོད་ལྟ་སྐུལ་ལས་དོན་གྱི་སྐུལ་འདེད་དང་འགན་ལེན་གྱི་ནུས་པ་སྔར་བས་འདོན་སྤེལ། ཞབས་ཞུ་ཡག་པོ་སྒྲུབ་པ་དང་འགན་ལེན་ཡོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཁྲོད་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་སྣེ་ཁྲིད་དང་ལག་བསྟར་གྱི་ནུས་པ་སྔར་བས་འདོན་སྤེལ། སྤྱོད་ཚུལ་ལེགས་སུ་གཏོང་བ་དང་ནུས་པ་ཆེ་རུ་བཏང་སྟེ་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྱོང་ཁྲོད་ཀྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲུབ་ཆའི་ཁོངས་མིའི་ནུས་པ་གལ་ཆེན་དང་ལས་ཁུངས་ཀྱི་ཇུས་འདོན་ལས་རོགས་ཀྱི་ནུས་པ་སྔར་བས་འདོན་སྤེལ་བཅས་བྱེད་དགོས། ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཁྲིམས་ལྟར་འགན་ནུས་སྒྲུབ་པ་དང་འབད་འབུངས་སྟོབས་བརྩོན་བྱས་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་མངོན་འགྱུར་ཆེད་འབད་འཐབ་ལྷོད་མེད་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་བསུ་བ་ཞུ་དགོས་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།