འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པས་
    མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་22ཉིན། 16:40】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་21ཉིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་མཁན་འཐུས་མིས་མུ་མཐུད་ཚོགས་ཆུང་ཁག་བགོས་ཀྱིས་གྲོས་ཞིབ་གནང་བ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་པད་མ་འཕྲིན་ལས་དང་། བློ་བཟང་རྒྱལ་མཚན། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན་བཅས་འཐུས་མི་ཚོགས་པ་ཁག་གི་གྲོས་ཞིབ་ནང་ཞུགས་པ་རེད།
         སྔ་དྲོའི་གྲོས་ཞིབ་ནང་འཐུས་མི་ཚོས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན་དང་། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་བཅས་ལ་ཚད་མཐོའི་གདེང་འཇོག་གནང་ཞིང་། གཅིག་གྱུར་ཐོག་སྙན་སྒྲོན་གསུམ་པོའི་གཙོ་གནད་མངོན་གསལ་དོད་པ་དང་། བསམ་ཕྱོགས་གསལ་བ། ནང་དོན་ཕུན་སུམ་ཚོགས་པ། རྩོམ་སྲོལ་བབ་ཆགས་པ་བཅས་ཡོད་པ་དང་། འདས་ཟིན་པའི་ལོ་གཅིག་གི་གྲུབ་འབྲས་ལ་ཏན་ཏན་ཏིག་ཏིག་གིས་ཕྱོགས་སྡོམ་དང་། ལྷག་པའི་གནད་དོན་ལ་དངོས་ཐོག་བདེན་འཚོལ་གྱིས་དབྱེ་ཞིབ། འདི་ལོའི་ལས་དོན་བཀོད་སྒྲིག་ཏན་ཏན་ཏིག་ཏིག་བཅས་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་ཐེངས་བཞི་པའི་དགོངས་དོན་དང་རྦད་དེ་འཚམ་པ་དང་། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པའི་དགོངས་དོན་དང་རྦད་དེ་འཚམ་པ། རང་ལྗོངས་ཀྱི་དོན་དངོས་དང་རྦད་དེ་འཚམ་པ་བཅས་ཀྱི་ངོས་འཛིན་གནང་ཡོད།
         འཐུས་མི་ཚོས“ཁང་གཉིས”ཀྱི་ལས་དོན་སྙན་སྒྲོན་ནང་གྲུབ་འབྲས་དངོས་ཐོག་བདེན་འཚོལ་ངང་གླེང་བ་དང་ཁ་གསལ་བ་མ་ཟད། གནད་དོན་ལ་དབྱེ་ཞིབ་ཏན་ཏིག་བྱས་ཡོད་པ་དང་ལས་དོན་བཀོད་སྒྲིག་གྱི་ཁ་ཕྱོགས་གསལ་བ་དང་གཙོ་གནད་མངོན་གསལ་དོད་ཅིང་། འགོ་ནས་མཇུག་བར་དམངས་ཆེད་ཁྲིམས་འཛིན་པའི་འདུ་ཤེས་དང་སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་མངོན་པས་སྙན་སྒྲོན་དེ་གཉིས་ལ་རྦད་དེ་མུ་མཐུན་ཡོད་ཅེས་ངོས་འཛིན་གནང་བ་རེད།
         འཐུས་མི་ཚོས་ད་དུང་སྲིད་གཞུང་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད(འཆར་ཟིན)དང་། འཆར་གཞིའི་སྙན་སྒྲོན་གྱི་གྲོས་ཆོད(འཆར་ཟིན) སྔོན་རྩིས་སྙན་སྒྲོན་གྱི་གྲོས་ཆོད(འཆར་ཟིན) བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད(འཆར་ཟིན) བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད(འཆར་ཟིན) བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གྱི་ལས་དོན་སྙན་སྒྲོན་གྱི་གྲོས་ཆོད(འཆར་ཟིན)བཅས་ལ་གྲོས་ཞིབ་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།