འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་22ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་
    གསུམ་པ་མཇུག་འགྲིལ་ཚོགས་འདུའི་ཐོག་གི་གསུང་བཤད།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་22ཉིན། 16:46】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་20ཉིན་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་མཇུག་འགྲིལ་ཚོགས་འདུ་ཐོག་གསུང་བཤད་གནང་། གསུང་བཤད་ནང་དོན་གཤམ་གསལ།
         ཨུ་ཡོན་ལྷན་རྒྱས་དང་བློ་མཐུན་རྣམ་པ་ཚོ།
         ད་ལྟ་ང་ཚོས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་སོགས་གྲོས་ཆོད་ཁག་གསུམ་དང་འབྲེལ་ཡོད་སྙན་སྒྲོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཡོད། དུས་འདིར་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་གྲོལ་ཉེར་ཡོད། ཚོགས་འདུ་འཚོག་རིང་ཧྲུའུ་ཅི་ཁྲེན་ཆོན་གོས་རང་སྐྱོང་ལྗོངས་ཀྱི་ཏང་སྲིད་དམག་གི་འགོ་ཁྲིད་ཀྱི་སྣེ་འཁྲིད་དེ་འགོ་ཚུགས་ཚོགས་འདུ་དང་མཇུག་འགྲིལ་ཚོགས་འདུར་ཞུགས་པ་མ་ཟད། རིགས་ཁོངས་ཁག་གི་ཚོགས་ཆུང་དུ་ཕེབས་ནས་ཨུ་ཡོན་ལ་གཟིགས་པ་དང་གྲོས་བསྡུར་ནང་ཞུགས་པ། སྲིད་གྲོས་ཨུ་ཡོན་དང་ལྷན་དུ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་ཇུས་ཆེན་ལ་གྲོས་བསྡུར་གནང་བ་བཅས་ལས་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་སྲིད་གྲོས་བྱ་གཞག་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་གང་ལེགས་མཚོན་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་གསོན་ཉམས་དོད་པའི་ངང་ལག་བསྟར་གནང་བས་ང་ཚོར་ལྕག་སྐུལ་ཆེན་པོ་ཐེབས་པ་དང་ངར་ཤུགས་ཆེན་པོ་འཕེལ་བྱུང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་འགོ་ཁྲིད་བློ་མཐུན་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཕེབས་ནས་ཨུ་ཡོན་གྱི་གཏམ་བཤད་གསན་པ་དང་ཨུ་ཡོན་དང་ངོ་ཐུག་གདོང་འཕྲད་ངང་གྲོས་མོལ་སྲིད་གྲོས་་གནང་ཡོད། སྐབས་འདི་དང་བསྟུན་ནས་ང་ཚོས་སྤྲོ་སེམས་འཁོལ་བའི་ཐལ་མོ་བརྡབས་ཏེ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པ་བྱ་རྒྱུ་ཡིན།
         ཧྲུའུ་ཅི་ཁྲེན་ཆོན་གོ་ཨུ་ཡོན་གྱི་ཚོགས་ཆུང་གྲོས་བསྡུར་ནང་ཞུགས་སྐབས་གནང་བའི་གསུང་བཤད་ནང་ལྗོངས་སྲིད་གྲོས་ཀྱི་ལོ་གཅིག་རིང་གི་ལས་དོན་ལ་ཁས་ལེན་གང་ལེགས་དང་ཚད་མཐོའི་གདེང་འཇོག་གནང་ཡོད། ཏང་གིས་སྲིད་གྲོས་ལས་དོན་ལ་འགོ་ཁྲིད་བྱ་རྒྱུར་ཤུགས་སྣོན་དང་ལེགས་སུ་གཏོང་བ་དང་སྲིད་གྲོས་ཀྱི་འགན་ནུས་འདོན་སྤེལ་གང་ལེགས་བྱེད་པའི་ཐད་བླང་བྱ་ཁ་གསལ་དང་ཐུགས་རེ་ཟབ་མོ་གནང་ཡོད་པས་ང་ཚོས་ངེས་པར་དུ་ཧྲུའུ་ཅི་ཁྲེན་ཆོན་གོའི་གསུང་བཤད་ཀྱི་དགོངས་དོན་ལ་གོ་བ་ཡག་པོ་ལེན་པ་དང་། ལག་བསྟར་ཡག་པོ། དོན་འཁྱོལ་ཡག་པོ་བཅས་བྱེད་དགོས།
         ཚོགས་འདུ་འཚོག་རིང་ཨུ་ཡོན་ཚོས་རབ་ཏུ་འཕེལ་བའི་སྤྲོ་སེམས་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་། ཏང་དང་མི་དམངས་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་དང་དངོས་ཐོག་བདེན་འཚོལ་གྱི་སྤྱོད་ཚུལ་ཐོག་ནས་རང་ལྗོངས་ཀྱི་སྒྱུར་འཕེལ་བརྟན་གསུམ་སོགས་ཀྱི་གནད་དོན་གལ་ཆེན་ལ་དམིགས་ཏེ་གྲོས་གཞི་འདོན་པ་དང་། ཚོགས་ཆེན་ཐོག་གཏམ་བཤད་སྤེལ་བ། ཚོགས་ཆུང་གྲོས་བསྡུར་བྱེད་པ། སྤྱི་ཚོགས་ཀྱི་གནས་ཚུལ་དང་དམངས་ཀྱི་འདོད་བློའི་ཆ་འཕྲིན་ཤེས་རྟོགས་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་འགན་འཁྲི་ནན་ཏན་སྒྲུབ་པ་དང་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ་གྲོས་མོལ་དམངས་གཙོའི་ཐབས་ལམ་གལ་ཆེན་ཡིན་པའི་མི་དམངས་སྲིད་གྲོས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་སྐྱེ་སྟོབས་དང་གསོན་ཤུགས་གསོན་ཉམས་དོད་པའི་ངང་མཚོན་པ་བྱས་ཡོད། ཚོགས་འདུའི་སྔོན་དཔག་དམིགས་ཚད་ལ་སླེབས་པ་དང་ཐུགས་གྲ་ལེགས་འགྲིག་བྱུང་ཡོད།
         ཨུ་ཡོན་རྣམ་པ་ཚོ། སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་ཁྲིམས་ལྟར་བོད་སྐྱོང་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་རླབས་ཆེན་གྱི་རྒྱང་སྐྱོད་ལམ་བུའི་ཐོག་སྐྱོད་འགོ་ཚུགས་ཡོད། དུས་བབ་གསར་པ་དང་། ལས་འགན་གསར་པ། རྒྱུན་རྣམ་གསར་པ་བཅས་ཀྱིས་སྲིད་གྲོས་ལས་དོན་ལ་བླང་བྱ་གསར་པ་དེ་བས་མཐོ་བ་བཏོན་ཡོད་ལ་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ཚོར་འཇོན་ཐང་ངོམས་པ་དང་ནུས་པ་འདོན་སྤེལ་བྱ་རྒྱུར་དེ་བས་རྒྱ་ཆེ་བའི་གར་སྟེགས་ཀྱང་བཏོད་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེང་བ་དང་་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཐེངས་འདིའི་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་གསར་འབྱེད་གསར་གཏོད་དང་ལས་དོན་ཧུར་ཐག་བསྒྲུབས་ཏེ། རང་འགན་གཙང་སྒྲུབ་ཀྱི་གཡུར་ཟའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་ཕྱག་རྟགས་འབུལ་བ་དང་གྲོས་མོལ་དམངས་གཙོའི་ཐབས་ལམ་གཙོ་བོའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། “དྲུག་ལྡན་བོད་ལྗོངས”འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་ཀྱི་ཆེད་འབད་འཐབ་ཧུར་ཐག་བྱེད་དགོས།
         ཨུ་ཡོན་ལྷན་རྒྱས་དང་བློ་མཐུན་རྣམ་པ་ཚོ། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་དེ་ལྗོངས་ཏང་ཨུད་ཀྱི་ཚད་མཐོའི་མཐོང་ཆེན་དང་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་ཚོགས་ཞུགས་ཨུ་ཡོན་དང་བློ་མཐུན་ཚོའི་ཐུན་མོང་གི་འབད་བརྩོན་འོག་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ཡོད། འདི་གར་ངས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ཚོགས་ཞུགས་བློ་མཐུན་ཡོངས་ལ་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ལ་ད་ཐེངས་ཀྱི་ཚོགས་འདུའི་རིང་དཀའ་སྤྱད་ངལ་རྩོལ་བྱེད་མཁན་འབྲེལ་ཡོད་སྡེ་ཚན་དང་། དྲག་ཆས་ཉེན་རྟོག་དཔོན་དམག སྤྱི་བདེའི་ལས་བྱེད་ཉེན་རྟོག་པ། གསར་འགྱུར་ལས་རིགས་ཀྱི་བློ་མཐུན་བཅས་དང་དེ་བཞིན་ལས་དོན་མི་སྣ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།
      

    ཕྱོགས་བསྡུས་གསར་འགྱུར།