འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་
    ལྷན་ཁང་གི་ལས་དོན་སྙན་སྒྲོན།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་21ཉིན། 15:30】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         2015ལོའི་ཟླ་1ཚེས་16ཉིན་འཚོགས་པའི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཐོག་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བློ་བཟང་རྡོ་རྗེ་ལགས་ཀྱིས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ལྷན་གྱི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་དང་། ནང་དོན་གཤམ་གསལ་ལྟར་རོ།།
         ཨུ་ཡོན་རྣམ་པ།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་སྐུ་གཞོན། རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་བློ་མཐུན་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་བཀའ་མངགས་ལྟར། ངས་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ཏེ་ཚོགས་ཆེན་ལ་ལས་དོན་སྙན་སྒྲོན་ཞུ་རྒྱུ་ཡིན་པས་གྲོས་ཞིབ་གནང་རོགས།
         2014ལོའི་ལས་དོན་ལ་ཕྱིར་མིག་བལྟ་བ།
         2014ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་ཞུམ་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་། ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་མཆོག་གི་སྣེ་ཁྲིད་འོག ལྗོངས་སྲིད་གྲོས་ཏང་ཙུའུ་དང་རྒྱུན་ལས་ཨུ་ལྷན་གྱིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་མཛུབ་ཁྲིད་དུ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་བསྒྲེངས་ཐོག མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་རྒྱུན་འཁྱོངས་བྱས་ཏེ་འགན་ནུས་བསྒྲུབ་པའི་ལག་ལེན་དངོས་ནང་བསྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་ཁྲིམས་སྐྱོང་གི་འདུ་ཤེས་བཟུང་བ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། བློ་གཅིག་སེམས་གཅིག་དང་ཇུས་ཤུགས་མཉམ་འདོན་བྱས་ཏེ་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པས་གཏན་འཁེལ་བྱས་པའི་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་ཐུབ་པ་བྱ་རྒྱུ་དང་། “དྲུག་ལྡན”བོད་ལྗོངས་སྐྲུན་རྒྱུ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་ཡོང་བའི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་བ་བཅས་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད།
          གཅིག བསམ་བློ་ཆབ་སྲིད་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་མེད་བརྟན་སྲུང་བྱས་པ། རྒྱུན་ལས་ཨུ་ལྷན་གྱིས་སློབ་སྦྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ཆབ་སྲིད་ཀྱི་ཁ་ཕྱོགས་འགྱུར་མེད་བརྟན་སྲུང་བྱེད་པའི་གལ་ཆེའི་སྔོན་འགྲོར་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ནས་ཐོག་མཐའ་བར་གསུམ་དུ་ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཡོད། རྒྱུན་ཨུད་ཚོགས་འདུ་དང་། ཀྲུའུ་ཞིའི་ཚོགས་འདུ། རིགས་གཞུང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ། ལས་རིགས་ཀྱི་སློབ་སྦྱོང་ཚོགས་འདུ་སོགས་ཀྱི་རྣམ་པ་བརྒྱུད་ནས་ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་། སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ། དེ་བཞིན་རྒྱལ་ཡོངས་ཀྱི“ཚོགས་འདུ་གཉིས” ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ། ཀྲུང་དབྱང་གི་མི་རིགས་ལས་དོན་ཚོགས་འདུ། ག་སྦྱར་བོད་སྐྱོར་ལས་དོན་སྤེལ་ནས་ལོ་20འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་སོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གལ་ཆེའི་གསུང་བཤད་རབ་དང་རིམ་པ་དང་། ལྷག་པར་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་65འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གལ་ཆེའི་གསུང་བཤད་ཀྱི་དགོངས་དོན་དང་། “རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་ལྗོངས་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”གལ་ཆེའི་འཐབ་ཇུས་དགོངས་པ། “བོད་ལྗོངས་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་བརྟན་ལྷིང་། ཕྱོགས་ཡོངས་ནས་བརྟན་ལྷིང་བཅས་ཡོང་བར་འབད་བརྩོན་བྱེད་དགོས་པའི”གལ་ཆེའི་མཛུབ་སྟོན་བཅས་སློབ་སྦྱོང་ལག་བསྟར་བྱེད་པ། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“བོད་ལྗོངས་ཁྲིམས་བཞིན་སྐྱོང་དགོས་པ་དང་། བོད་ལྗོངས་ཡུན་རིང་འཛུགས་སྐྲུན་བྱེད་དགོས་པ། མི་སེམས་འགུག་ཐབས་བྱེད་དགོས་པ། རྨང་གཞི་སྲ་བརྟན་དུ་གཏོང་དགོས་པ”བཅས་ཀྱི་གལ་ཆེའི་རྩ་དོན་སློབ་སྦྱོང་ལག་བསྟར་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཨུ་ཡོན་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པ། དེ་བཞིན་རང་སྐྱོང་ལྗོངས་ཀྱི“ཚོགས་འདུ་གཉིས”སོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པ། ཏང་གི་གྲོས་མོལ་དམངས་གཙོའི་རིགས་པའི་གཞུང་ལུགས་དང་མི་དམངས་སྲིད་གྲོས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མཛད་ཕྱོགས་དང་སྲིད་ཇུས་སློབ་སྦྱོང་བཅས་བྱས་ཡོད། དེ་བཞིན་གཙོ་དོན་མངོན་གསལ་དོད་པ་དང་གསོན་ཉམས་དོད་པའི་སློབ་སྦྱོང་དང་དྲིལ་བསྒྲགས་ཀྱི་སློབ་གསོ་སྤེལ་རྒྱུ་རྒྱུན་འཁྱོངས་བྱས་ཤིང་། ཏང་སློབ་ཀྱི་དགེ་རྒན་ཆེ་མོ་བ་དང་མཁས་དབང་གདན་འདྲེན་ཞུས་ནས་ཟུར་འཁྲིད་སྙན་ཞུ་4ཉན་པ་དང་། ཚོགས་ཆེན་གྱི་ཚོགས་ར་དངོས་བརྒྱུད་སྟོན་དང་གཙོ་དོན་སློབ་གསོའི་བརྙན་ཟློས་པར་གཞི་30ལྷག་ཙམ་གཅིག་སྡུད་ཐོག་ལྟ་ཉན་བྱས་པ། ཟུར་ཁྲིད་དཔྱད་ཡིག་2000ལྷག་ཙམ་འགྲེམས་སྤྲོད་བྱས་ཡོད། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་སྦྱངས་པའི་ཤེས་བྱ་དང་། བསམ་གཞིགས་བྱས་པའི་ཐབས་ཤེས། ཐོབ་པའི་གྲུབ་འབྲས་བཅས་རང་ལྗོངས་ཀྱི་སྲིད་གྲོས་བྱ་གཞག་གོང་འཕེལ་ཡོང་བར་སྐུལ་སྤེལ་གཏོང་བའི་ཤུགས་ཆེའི་སྒུལ་ཤུགས་དང་བསམ་ཕྱོགས་ཀྱི་བྱེད་ཐབས་སུ་བསྒྱུར་ཏེ་སློབ་སྦྱོང་དང་དོན་འཁྱོལ་གྱི་ཕན་འབྲས་དངོས་ཆེ་རུ་བཏང་ཡོད། སློབ་སྦྱོང་བྱས་པ་བརྒྱུད་རྒྱ་ཆེའི་ཨུ་ཡོན་གྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད་བཅས་སྔར་བས་བརྟན་པོར་སོང་ཡོད་ལ། ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་དང་ཚད་མཐོའི་གཅིག་གྱུར་བྱེད་པའི་བསམ་པའི་རང་རྟོགས་དང་། ཆབ་སྲིད་ཀྱི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་ཤུགས་ཆེར་སོང་ཡོད།
         གཉིས། གྲོས་མོལ་དམངས་གཙོ་ཅན་དུ་དར་སྤེལ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཡོངས་ནས་སྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་ཕན་སྐུལ་བཏང་བ། རྒྱུན་ལས་ཨུ་ལྷན་གྱིས་བསྒྱུར་བཅོས་བྱ་རྒྱུའི་ཀྲུང་དབྱང་གི་དགོངས་དོན་དང་ལྗོངས་ཏང་ཨུད་ཀྱི་གལ་ཆེའི་ཐབས་ཇུས་ལག་བསྟར་མཐར་ཕྱིན་བྱས་ནས། རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་དོན་ཆེན་དང་སྲིད་གྲོས་ཀྱི་གྲོས་མོལ་དམངས་གཙོ་ཅན་དུ་དར་སྤེལ་གཏོང་རྒྱུའི་ཐད་གཅིག་སྡུད་ཐོག་དམིགས་ནས་བརྟག་ཞིབ་རིག་སྒྲུབ་དང་ཐབས་འདོན་ཇུས་འབུལ་བྱས་ཡོད། སྲིད་གྲོས་ཀྱི་འཆར་ཅན་ཚོགས་འདུ་འཚོགས་པ་སོགས་བྱེད་ཐབས་བརྒྱུད་དེ་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་འཕྲད་པའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་གཏིང་ཟབ་བྱས་ཐོག་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་འགྲོ་ཚུལ་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་བཏང་བས་རང་ལྗོངས་ཀྱི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུར་སྐུལ་འདེད་གཏོང་ཆེད་སྲིད་དོན་སྐྱོང་རོགས་དང་གྲོས་འདོན་ཧུར་ཐག་བྱས་ཡོད། ལྗོངས་སྲིད་གྲོས་ཀྱི་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱེད་པའི་འགོ་ཁྲིད་ཚོགས་ཆུང་བཙུགས་ཐོག ལྗོངས་སྲིད་གྲོས་ཀྱིས་ཕྱོགས་ཡོངས་ནས་བསྒྱུར་བཅོས་གཏིང་ཟབ་བྱ་རྒྱུའི་གལ་ཆེའི་གནད་དོན་འགའ་ཞིག་ལག་བསྟར་དོན་འཁྱོལ་བྱ་རྒྱུའི་ཇུས་གཞི་དང་། གལ་ཆེའི་ནང་དོན། དེ་བཞིན་ལས་བགོས་ཇུས་གཞི་བཅས་ཞིབ་འཇུག་བཟོ་འདོན་བྱས་ཤིང་། བསྒྱུར་བཅོས་བྱེད་ཕྱོགས་དོན་གནད་6གི་འགན་འཁུར་ཚན་པ་དང་འགན་འཁུར་མི་སྣ། དེ་བཞིན་དུས་བཅད་བཅས་གཏན་འཁེལ་བཟོས་ཁར་རིགས་དབྱེ་རིམ་བགྲོད་ཀྱིས་སྐུལ་འདེད་བཏང་ཡོད། “གྲོས་མོལ་དམངས་གཙོའི་གལ་ཆེའི་ཐབས་ལམ་གྱི་ནུས་པ་འདོན་སྤེལ་བྱེད་དགོས་པ་དང་། གྲོས་མོལ་དམངས་གཙོའི་བྱེད་ཐབས་རྒྱ་ཆེར་གཏོང་དགོས་པ། ལྟ་སྐོར་བརྟག་ཞིབ་གྲུབ་འབྲས་དངོས་སྒྱུར་བྱེད་པའི་ལམ་སྲོལ་ཚགས་ཚུད་བཟོ་དགོས་པ། གྲོས་གཞི་གཉེར་སྒྲུབ་ལམ་ལུགས་འཐུས་ཚང་དུ་གཏོང་དགོས་པ། ཨུ་ཡོན་གྱི་འབྲེལ་གཏུག་སྒྲིག་གཞི་ཚགས་ཚུད་བཟོ་དགོས་པ། དམངས་གཙོའི་ལྟ་སྐུལ་ཚད་ལྡན་བཟོ་དགོས་པ”བཅས་ཀྱི་ལས་འགན་ལ་དམིགས་ནས་བརྟག་ཞིབ་ཚོགས་ཆུང་ཁག་6སྒྲིག་འཛུགས་བྱས་ནས་བརྟག་ཞིབ་གཏིང་ཟབ་བྱས་ཐོག ལྗོངས་ཏང་ཨུད་དང་སྲིད་གཞུང་ལ་བརྟག་ཞིབ་སྙན་ཞུ་ཕུལ་ཡོད། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་བླང་བྱ་གཞིར་བཟུང་། <<སྤྱི་ཚོགས་རིང་ལུགས་ཀྱི་གྲོས་མོལ་དམངས་གཙོ་ཅན་དུ་དར་སྤེལ་གཏོང་རྒྱུའི་སྐོར་གྱི་ཀྲུང་དབྱང་དོན་གཅོད་ཐིང་གི་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཟིན)>>ལ་གྲོས་ཞིབ་ཡང་ཡང་བྱས་ནས་མི་རིགས་ས་ཁུལ་གྱི་ལག་བསྟར་དོན་འཁྱོལ་བྱས་འབྲས་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ལ་བསམ་འཆར་བཏོན་ཡོད། དེ་བཞིན་ལྗོངས་ཏང་ཨུད་ཀྱི<<རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ལོ་འཁོར་གྲོས་མོལ་འཆར་གཞི་བཟོ་རྒྱུའི་སྐོར་གྱི་བསམ་འཆར(བསམ་འཆར་བསྡུ་ལེན་མ་ཟིན)>>བཟོ་བཅོས་བྱ་རྒྱུའི་ནང་རང་འགུལ་ངང་ཞུགས་པས་རང་ལྗོངས་ཀྱི་གྲོས་མོལ་ལས་དོན་གྱི་དམིགས་བཀར་རང་བཞིན་དང་དངོས་ཕན་རང་བཞིན་ཤུགས་ཆེར་སོང་ཡོད། ག་སྦྱར་བོད་སྐྱོར་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུར་དམིགས་ནས་ལས་བྱེད་པས་བོད་སྐྱོར་བྱ་རྒྱུ་ལེགས་བཅོས་དང་། དཔལ་འབྱོར་ཐོག་ནས་བོད་སྐྱོར་བྱ་རྒྱུ་གཏིང་ཟབ་ཏུ་གཏོང་རྒྱུ། ལས་ཞུགས་ཐོག་ནས་བོད་སྐྱོར་བྱེད་རྒྱ་ཆེ་རུ་གཏོང་རྒྱུ་སོགས་ཀྱི་ཐད་ཐབས་འདོན་ཇུས་འབུལ་བྱས་ཏེ་རྒྱ་ཆེ་བའི་དམངས་ཀྱི་འདོད་བློའི་རྨང་གཞི་ལྡན་པ་དང་རིག་སྟོབས་ཐོག་ནས་རྒྱབ་སྐྱོར་རྒྱ་ཁྱབ་བྱས་ཡོད།
    【1】  【2】  【3】  【4】  【5】
      

    ཕྱོགས་བསྡུས་གསར་འགྱུར།