འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་21ཉིན། 14:20】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འཚོགས་པ།
         མི་དམངས་དྲ་བའི་འཕྲིན། རླབས་ཆེན་མཐུན་སྒྲིལ་གྱིས་རླབས་ཆེན་སྟོབས་ཤུགས་གཅིག་ཏུ་སྒྲིལ། རླབས་ཆེན་སྟོབས་ཤུགས་ཀྱིས་རླབས་ཆེན་བྱ་གཞག་བཏོད། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པ་སྤྱི་ཟླ་1ཚེས་16ཉིན་གྱི་ཕྱི་དྲོར་ལྷ་ས་གྲོང་ཁྱེར་དུ་གཟབ་རྒྱས་ངང་འཚོགས་ཤིང་། སླད་ཕྱིན་གྱི་ཉིན་བཞིའི་ནང་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་སྲིད་གྲོས་ཨུ་ཡོན་ཚོས་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལྟེ་བའི་ལས་དོན་ལ་དམིགས་ནས་ཆབ་སྲིད་གྲོས་མོལ་དང་། དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གྲོས་བཅས་ཀྱི་འགན་ནུས་ཏན་ཏིག་བསྒྲུབ་ནས་ཐབས་དང་ཇུས་ཧུར་ཐག་བཏོན་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་བསྐྲུན་རྒྱུ་དང་། “དྲུག་ལྡན་བོད་ལྗོངས”བསྐྲུན་རྒྱུ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱ་ཆེད་སྟོབས་ཤུགས་གཅིག་ཏུ་སྒྲིལ་རྒྱུ་རེད།
         ཁྲེན་ཆོན་གོ་དང་། པད་མ་འཕྲིན་ལས། བློ་བཟང་རྒྱལ་མཚན། ཝུའུ་དབྱིང་ཅེ། ཞུས་ཡུང་། ནོར་བུ་དོན་གྲུབ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལན། ཙེང་དབན་མིན་སོགས་འགོ་ཁྲིད་བློ་མཐུན་ཚོ་ཚོགས་འདུར་ཕེབས་ཡོད་པ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པའམ་བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
         བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པར་ཕེབས་དགོས་པའི་ཨུ་ཡོན་598ཡོད་པ་དང་དངོས་སུ་ཕེབས་པ་481ཡོད་པས་སྲིད་གྲོས་<<སྒྲིག་ཡིག་>>གི་གཏན་འབེབས་དང་མཐུན་ཡོད།
         ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་40ཐོག་བརྗིད་ཉམས་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་སྒྲའི་ཁྲོད་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
         འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ཚོགས་འདུ་གཙོ་སྐྱོང་གནང་སྐབས། ད་ཐེངས་ཚོགས་འདུའི་མཛུབ་ཁྲིད་བསམ་བློ་ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན་དང་ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱེད་པ་དང་། ཀྲུང་གུང་ཚོགས་ཆེན་བཅོ་བརྒྱད་པ་དང་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པ་དང་ལྷག་པར་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་དབུ་བརྙེས་ནས་ལོ་དྲུག་ཅུ་རེ་ལྔ་འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང“རྒྱལ་ཁབ་སྐྱོང་བར་ངེས་པར་དུ་མཐའ་མཚམས་སྐྱོང་དགོས་པ་དང་མཐའ་མཚམས་སྐྱོང་བར་སྔོན་ལ་བོད་བརྟན་ལྷིང་ཡོང་བ་བྱེད་དགོས་པའི”འཐབ་ཇུས་དགོངས་པ་གལ་ཆེན། “བོད་རྒྱུན་མཐུད་བརྟན་ལྷིང་དང་། ཡུན་རིང་་བརྟན་ལྷིང་། ཁྱོན་ཡོངས་ནས་བརྟན་ལྷིང་བཅས་ཧུར་ཐག་ཡོང་བ་བྱེད་པའི”མཆན་འགོད་མཛུབ་སྟོན་གལ་ཆེན་བཅས་སློབ་སྦྱོང་ལག་བསྟར། ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གི“ཁྲིམས་ལྟར་བོད་སྐྱོང་བ་དང་། ཡུན་རིང་བོད་འཛུགས་སྐྲུན་བྱེད་པ། མི་སེམས་ཐོབ་ཐབས་བྱེད་པ། རྨང་གཞི་བརྟན་དུ་གཏོང་བ”བཅས་ཀྱི་རྩ་དོན་གལ་ཆེན་སློབ་སྦྱོང་ལག་བསྟར། རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བརྒྱད་པ་དང་ལྗོངས་ཏང་ཨུད་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དང་དྲུག་པ་སོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་དོན་གཙོ་བོ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས། དཔལ་འབྱོར་འཕེལ་རྒྱས་ཀྱི་རྒྱུན་རྣམ་གསར་པ་དང་ཧུར་ཐག་འཚམ་པ། སྒྱུར་བཅོས་གསར་གཏོད་དང་ཁྲིམས་སྐྱོང་འདུ་ཤེས་འགན་ནུས་སྒྲུབ་པའི་ལག་ལེན་ཁྲོད་ཁྱབ་པ། སྤྱིའི་བགོ་གྲངས་ཆེ་ཤོས་འཚོལ་བ། དྲང་ནུས་ཆེན་པོ་གཅིག་ཏུ་སྒྲིལ་བ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། འགན་ནུས་སྒྲུབ་པ་དང་ནུས་པ་འདོན་སྤེལ་བཅས་བྱས་ཏེ་རང་ལྗོངས་ཀྱི་སྲིད་གྲོས་གྲོས་མོལ་གྱི་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་རང་ལྗོངས་ཀྱི་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་འབུལ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད།
         ད་ཐེངས་ཀྱི་ཚོགས་འདུའི་ལས་འགན་གཙོ་བོ་ནི། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་བྱ་རྒྱུ་དང་། སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་གྲོས་གཞིའི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་གསན་རྒྱུ་དང་དེར་གྲོས་ཞིབ་བྱ་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པར་ཞུགས་ཏེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དང་སྙན་སྒྲོན་གཞན་དག་གསན་པ་དང་འབྲེལ་གྲོས་བསྡུར་ཡང་བྱ་རྒྱུ། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཆབ་སྲིད་གྲོས་ཆོད་དང་དེ་བཞིན་གྲོས་ཆོད་གཞན་དག་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱ་རྒྱུ། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་དང་ལྗོངས་ཏང་ཨུད་ཀྱི་སྐབས་བརྒྱད་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་སོགས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་དང་དེ་བཞིན་དོན་ཚན་གཞན་དག་སོགས་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་བཅས་རེད།
         འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱིས་ད་ཐེངས་ཀྱི་ཚོགས་འདུ་ཧ་ཅང་གལ་འགངས་ཆེ་བས་རེ་བར་ཚང་མས་གང་བསམ་ལྷུག་གླེང་དང་རང་ཉིད་ཀྱི་ལྟ་ཚུལ་གླེང་བ་དང་། སྐད་ཆ་དྲང་པོ་ཤོད་པ་དང་ཐབས་དང་ཇུས་བཏོན་ནས་ཐུན་མོང་གི་བསམ་བློའི་ངོས་འཛིན་རྒྱུན་ཆད་མེད་པར་ཟབ་ཏུ་གཏོང་བ་དང་། མཉམ་ལས་མཉམ་སྒྲུབ་བྱ་ཤུགས་ཆེ་རུ་གཏོང་བ། མངགས་བཅོལ་ཟབ་མོ་དང་འགན་འཁྲི་ཆུད་ཟོས་སུ་མི་འགྲོ་བ་བཅས་བྱས་ཏེ་ཚོགས་འདུ་ཡག་པོ་འཚོགས་དགོས། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཚོགས་ཞུགས་ཨུ་ཡོན་དང་བློ་མཐུན་ཚོའི་ཐུན་མོང་འབད་བརྩོན་བརྒྱུད་ཚོགས་ཆེན་གྱི་ལས་འགན་ཁག་བདེ་བླག་ངང་ལེགས་གྲུབ་ཐུབ་ནས་ད་ཐེངས་ཀྱི་ཚོགས་ཆེན་དེ་མཐུན་སྒྲིལ་དང་། དམངས་གཙོ། བདེན་འཚོལ། ངར་ཤུགས་འཕེལ་བ་བཅས་ཀྱི་ཚོགས་ཆེན་ཞིག་ཏུ་འཚོག་ཐུབ་ངེས་ཡིན་པར་ཡིད་ཆེས་ཡོད་ཅེས་གསུངས་པ་རེད།
         ཚོགས་ཆེན་ཐོག་དང་ཐོག་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པའི་ཚོགས་འདུའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད།
         རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་བློ་བཟང་རྡོ་རྗེས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་<<སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་>>གནང་ཞིང་། སྙན་སྒྲོན་ནང་2014ལོར་རྒྱལ་ཡོངས་སྲིད་གྲོས་ཀྱི་མཛུབ་ཁྲིད་ཞིབ་ཚགས་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དང་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་སྣེ་ཁྲིད་འོག་ལྗོངས་སྲིད་གྲོས་ཏང་ཙུའུ་དང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ལྗོངས་ཡོངས་ཀྱི་སྲིད་གྲོས་རྩ་འཛུགས་དང་རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་དང་། “མཚོན་བྱེད་གསུམ”གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་མཛུབ་ཁྲིད་དུ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། རྒྱལ་གཅེས་རིང་ལུགས་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་མཐོན་པོར་སྒྲེང་བ། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་མཐའ་འཁྱོངས་བྱེད་པ། སྒྱུར་བཅོས་གསར་གཏོད་ཀྱི་སྙིང་སྟོབས་དང་ཁྲིམས་སྐྱོང་གི་འདུ་ཤེས་དེ་འགན་སྒྲུབ་ལག་ལེན་ཁྲོད་ཁྱབ་པ་བྱེད་པ། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཀུན་སེམས་གཅིག་སྒྲིལ་དང་ཇུས་ཤུགས་མཉམ་འདོན་བྱེད་པ་བཅས་བྱས་ནས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གཏན་འཁེལ་བྱས་པའི་ལས་འགན་ཁག་ལེགས་སྒྲུབ་བྱས་ཏེ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པ་དང་། “དྲུག་ལྡན་བོད་ལྗོངས”འཛུགས་སྐྲུན། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བཅས་བྱེད་ཆེད་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད་ཅེས་བསྟན་ཡོད།
         སྙན་སྒྲོན་ནང་བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་བརྟན་དུ་གཏོང་བ་དང་། གྲོས་མོལ་དམངས་གཙོ་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ། འགན་སྒྲུབ་ཀྱི་ལས་འགན་ཨང་དང་པོ་བློ་ལ་བརྟན་པོར་ངེས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ཆབ་སྲིད་ཀྱི་འགན་འཁྲི་ཨང་དང་པོ་འཁུར་ནས་རང་ལྗོངས་ཀྱི་ཞི་མཐུན་བརྟན་ལྷིང་སྲུང་སྐྱོང་བྱེད་པ། ཏང་གི་མང་ཚོགས་ལམ་ཕྱོགས་ལག་བསྟར་གྱིས་ནུས་ཤུགས་ཡོད་རྒུས་དམངས་འཚོ་ལེགས་སུ་གཏོང་བ། སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་བཙུགས་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ། འཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་ཀྱི་མཉམ་ཤུགས་ཤིག་ཆགས་པ་བྱས་ཏེ་རྒྱུན་གཏན་རང་བཞིན་གྱི་ལས་དོན་ཏན་ཏིག་སྤེལ་བ། སྲིད་གྲོས་ཀྱི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་འགན་འཁྲི་སྒྲུབ་པའི་ལས་ཕྱོད་ཆེ་རུ་གཏོང་བ་སོགས་ཕྱོགས་བརྒྱད་ཀྱི་ཐད་ནས་ལོ་གཅིག་རིང་གི་སྲིད་གྲོས་ལས་དོན་ལ་ཕྱོགས་སྡོམ་བྱས་པ་དང་འབྲེལ། ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་གྱིས་ཐུན་མོང་གི་བསམ་བློའི་ཆབ་སྲིད་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་། འགན་འཁྲི་སྒྲུབ་པའི་བསམ་བློ་བློ་ལ་བརྟན་པོར་ངེས་ནས་སྒྱུར་བཅོས་དང་ཁྲིམས་སྐྱོང་འཛུགས་སྐྱོང་ཆེད་ཐབས་དང་ནུས་ཤུགས་འདོན་རྒྱུར་དམིགས་པ། ལེགས་ཆའི་ནུས་པ་འདོན་སྤེལ་གྱིས་ཕྱོགས་ཁག་གི་སྟོབས་ཤུགས་ཡོངས་ཁྱབ་ངང་གཅིག་སྒྲིལ་བྱེད་པ། སྒྲིག་གཞི་དང་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཆབ་སྲིད་གྲོས་མོལ་གྱི་དམངས་གཙོའི་ཕན་ནུས་ཆེ་རུ་གཏོང་བ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་གྱིས་རྒྱུན་ཆད་མེད་པར་ཆབ་སྲིད་གྲོས་མོལ་གྱི་འགན་འཁྲི་སྒྲུབ་ནུས་ཆེ་རུ་གཏོང་བ་སོགས་ཕྱོགས་ལྔའི་ཐད་ནས་2015ལོའི་སྲིད་གྲོས་ལས་དོན་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།
         སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ་ལི་སུའུ་ཀྲེས་སྲིད་གྲོས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་<<སྲིད་གྲོས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གཉིས་པ་འཚོགས་ཚུན་གྱི་ལས་དོན་སྒྲུབ་ཚུལ་སྐོར་གྱི་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་སྙན་སྒྲོན་>>གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།