འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་16ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་ཅིང་འཐུས་མི་དང་ཨུ་ཡོན་ཚོ་གཅིག་
    རྗེས་གཉིས་མཐུད་དུ་འབྱོར་ཐོ་འགོད་བཞིན་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་16ཉིན། 13:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་ལྗོངས་ཀྱི་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་ཅིང་འཐུས་མི་དང་ཨུ་ཡོན་ཚོ་གཅིག་
རྗེས་གཉིས་མཐུད་དུ་འབྱོར་ཐོ་འགོད་བཞིན་ཡོད་པ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་15ཉིན་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་གཉིས་ཀྱིས་གསར་འགྱུར་ཁྱབ་བསྒྲགས་ཚོགས་འདུ་འཚོགས་ཏེ་སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པ་ཚེས་16ཉིན་གྱི་ཕྱི་དྲོར་འགོ་ཚུགས་རྒྱུ་ཡིན་པ་དང་། ཚེས་20ཉིན་གྱི་ཕྱི་དྲོར་མཇུག་བསྒྲིལ་རྒྱུ་ཡིན་ཞིང་། འཚོགས་ཡུན་ཉིན་བཞི་དང་ཕྱེད་ཀ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད། ཚོགས་འཚོགས་རིང་ཚོགས་ཆེན་ཐེངས་4འཚོག་རྒྱུ་དང་། ཚོགས་ཆུང་གི་གྲོས་བསྡུར་ཚོགས་འདུ་ཐེངས་5འཚོག་རྒྱུ། མི་དམངས་འཐུས་ཚོགས་སུ་ཟུར་ཞུགས་ཐེངས་2བྱ་རྒྱུ་བཅས་རེད།
         བོད་རང་སྐྱོང་ལྗོངས་སྐབས་བཅུ་པའི་མི་དམངས་འཐུས་མི་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་གསུམ་པ་ཚེས་18ཉིན་ལྷ་སར་འཚོག་རྒྱུ་ཡིན་པ་དང་། འཚོགས་ཡུན་ཉིན་5ཡིན་ཞིང་། མིག་སྔར་འཐུས་མི་དང་ཨུ་ཡོན་མང་ཆེ་བས་འབྱོར་ཐོ་བཀོད་ཟིན་པ་རེད།
    ༄༅།།བོད་ལྗོངས་ཀྱི་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་ཅིང་འཐུས་མི་དང་ཨུ་ཡོན་ཚོ་གཅིག་
རྗེས་གཉིས་མཐུད་དུ་འབྱོར་ཐོ་འགོད་བཞིན་ཡོད་པ།
    ༄༅།།བོད་ལྗོངས་ཀྱི་ཚོགས་ཆེན་གཉིས་འཚོག་གྲབས་ཡོད་ཅིང་འཐུས་མི་དང་ཨུ་ཡོན་ཚོ་གཅིག་
རྗེས་གཉིས་མཐུད་དུ་འབྱོར་ཐོ་འགོད་བཞིན་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།