འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་མཐའ་མའི་ཚོད་ལྟའི་
    དུས་མཚམས་སུ་སླེབས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་06ཉིན། 11:10】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༣ཉིན་གྱི་དགོང་མོ་ལན་ཀྲོའུ་ནུབ་ཕྱོགས་ས་ཚིགས་སུ་ཚོད་ལྟའི་ཤུཊ་འདྲེན་མེ་འཁོར་ཐོག་མ་དེ་བསུས་ཤིང་། ཤུགས་འདྲེན་མེ་འཁོར་དེས་ལམ་ཐིག་ལྷག་མའི་མཚམས་སུ་སྙོམས་སྒྲིག་ཚོད་ལྟའི་གྲ་སྒྲིག་བྱས་པ་དེའི་ཐོག་ནས་ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོ་མཐའ་མའི་ཚོད་ལྟའི་དུས་མཚམས་སུ་སླེབས་པ་མཚོན་ཞིང་། ལོ་མཇུག་ཏུ་མེ་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་པའི་འགན་ལེན་བྱས་པ་རེད།
         ལན་ཀྲོའུ་ནས་ཤིན་ཅང་བར་གྱི་མྱུར་བགྲོད་ལྕགས་ལམ་ཧྲིལ་པོའི་རིང་ཚད་ལ་སྤྱི་ལེ་༡༧༧༦ཟིན་པ་དེས་ཀན་སུའུ་དང་། མཚོ་སྔོན། ཤིན་ཅང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་༣སྦྲེལ་མཐུད་བྱས་པར་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་༢༠༠ནས་༢༥༠བར་འཆར་འགོད་བྱས་ཡོད་པ་དེ་ནི་རྒྱལ་ནང་གི་ས་བབ་མཐོ་བའི་ས་ཁུལ་དུ་བསྐྲུན་པའི་མྱུར་བགྲོད་ལྕགས་ལམ་ཐོག་མ་དེ་རེད།
      

    ཕྱོགས་བསྡུས་གསར་འགྱུར།