མི་དམངས་དྲ་བ།

༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་06ཉིན། 09:34】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

མི་དམངས་དྲ་བའི་འཕྲིན།  ཟླ་11ཚེས་5ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་སྔོན་འགྲིམ་ཞིབ་བཤེར་ཆོག་མཆན་ཉུང་དུ་གཏོང་རྒྱུ་དང་ དངུལ་འཇོག་རྣམ་གྲངས་དྲ་ཐོག་ཞིབ་དཔྱད་ཆོག་མཆན་འགོད་རྒྱུ་དང་། དངུལ་འཇོག་བག་ཉལ་སྟོབས་ཤུགས་གློད་འགྲོལ་དང་གསོན་ཤུགས་འཕེལ་རྒྱས་གཏོང་རྒྱུའི་གྲོས་ཐག་བཅད་པ་དང་། ཤེས་ཡོན་ཐོན་དངོས་ཀྱི་བདག་དབང་སྲུང་སྐྱོང་དང་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་རྒྱུ་དང་། གསར་གཏོད་དང་ལས་ལམ་གསར་འབྱེད་ལ་ཤུགས་སྣོན་རྒྱག་རྒྱུ་དང་“ཀྲུང་གོས་བཟོས་པ་”རིམ་སྤར་བྱ་རྒྱུ་བཀོད་སྒྲིག་བྱས་པ་རེད།