འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལུགས་གསོ་རིག་དེ་བོད་ལྗོངས་ཀྱི་གཙོ་ཆེའི་འཕེལ་རྒྱས་འཐབ་ཇུས་ཀྱི་ཁོངས་སུ་བཅུག་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་06ཉིན། 08:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། བོད་རང་སྐྱོང་ལྗོངས་གཞུང་ཕྱོགས་ཀྱིས་བོད་ལུགས་གསོ་རིག་དེ་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་གཏོང་བའི་གཙོ་ཆེའི་འཐབ་ཇུས་སུ་འཛིན་རྒྱུ་མ་ཟད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་རིམ་པ་ཚང་མར་ཁྱབ་པའི་བོད་ལུགས་གསོ་རིག་གི་ཞབས་ཞུའི་མ་ལག་འཛུགས་རྒྱུ་དང་། གྲུབ་ཆ་སྣ་མང་ཅན་དང་ཞིབ་ཐོན་འཚོང་གསུམ་གཞི་གཅིག་ཏུ་སྦྲེལ་བའི་བོད་ལུགས་གསོ་རིག་ཐོན་ལས་བྱེད་སྟངས་འཛུགས་རྒྱུ། མང་ཚོགས་དང་ཁྲོམ་རའི་དགོས་མཁོ་དང་མཐུན་པའི་བོད་ལུགས་གསོ་རིག་གི་ཤེས་ལྡན་པའི་དཔུང་ཁག་གཏོད་རྒྱུ་བཅས་ཀྱི་དམིགས་ཚད་གསུམ་ཡང་གཏན་འཁེལ་བྱས་པ་རེད།
         བོད་ལུགས་གསོ་རིག་འཕེལ་རྒྱས་ཚོགས་ཆེན་དེ་ཟླ་༡༡ཚེས་༣ཉིན་ལྷ་ས་གྲོང་ཁྱེར་དུ་འཚོགས་ཤིང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་ཚོགས་ཆེན་ཐོག་གཏམ་བཤད་གནང་སྐབས་བོད་ལུགས་གསོ་རིག་ནི་བོད་ཀྱི་གཞི་རྩའི་སྨན་བཅོས་ཐོན་ཁུངས་གཙོ་བོ་དང་། ཁྱད་ལྡན་དཔལ་འབྱོར་ཐོན་ཁུངས། གསར་གཏོད་ཚན་རྩལ་ཐོན་ཁུངས་སོགས་ཡིན་པས་བོད་ལུགས་གསོ་རིག་འཕེལ་རྒྱས་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད། ལོ་ལྔ་ཚན་བཅུ་གསུམ་པའི་འཆར་གཞི་འགོད་རིང་བོད་རང་སྐྱོང་ལྗོངས་ཀྱི་རྫོང་དང་། ཤང་། གྲོང་ཚོ་བཅས་སུ་བོད་ལུགས་གསོ་རིག་ཡོངས་སུ་ཁྱབ་པའི་འགན་ལེན་བྱས་ནས་སྨན་རྩིས་ཁང་རྒྱལ་ཁབ་ནད་ཐོག་སྨན་བཅོས་ཞིབ་འཇུག་རྟེན་གཞི་དང་རྒྱལ་ཡོངས་བོད་ལུགས་གསོ་རིག་སྨན་བཅོས་ལྟེ་གནས། རྒྱལ་ཡོངས་བོད་ལུགས་གསོ་རིག་ཞིབ་འཇུག་ལྟེ་གནས་བཅས་ཧུར་ཐག་གཏོད་རྒྱུ་ཡིན་ཞེས་གསུངས་པ་རེད།
         གཞན་ཡང་། བློ་བཟང་རྒྱལ་མཚན་གྱིས་བོད་ལུགས་གསོ་རིག་གི་ཚན་ཞིབ་གྲུབ་འབྲས་དེ་དངོས་ཡོད་ཀྱི་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་རྒྱུ་དང་། བོད་སྨན་ཁེ་ལས་གཞན་སྒྱུར་རིམ་སྤོར་བྱེད་པར་སྣེ་ཁྲིད་བྱེད་རྒྱུ། བོད་ལུགས་གསོ་རིག་གི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་། བོད་ལུགས་གསོ་རིག་གི་སྨན་གཞུང་ལེགས་སྒྲིག་དང་སྲུང་སྐྱོང་། བོད་ལུགས་གསོ་རིག་གི་རིག་དངོས་དང་། ཚད་ལྡན་ཡིག་ཆ། གནའ་ཤུལ་སྲུང་སྐྱོབ་སོགས་ཀྱི་ལས་དོན་ཁག་ལ་ཤུགས་སྣོན་བརྒྱབ་ནས་བོད་ལུགས་གསོ་རིག་བྱ་གཞག་སྐྱོན་བྲལ་ངང་མགྱོགས་མྱུར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།