འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།དབྱི་སི་རལ་གྱིས་བཅའ་ཁྲིམས་གསར་བ་བཟོས་ཏེ་འཇིགས་སྐུལ་འཇབ་རྒོལ་བཟོ་བའི་ཕ་ལེ་
    སི་ཐན་གྱི་བཙོན་མ་ཕྱིར་གཏོང་བྱེད་པ་མཚམས་འཇོག་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་05ཉིན། 09:41】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༣ཉིན་དབྱི་སི་རལ་རྒྱལ་ཚོགས་ཀྱིས་བཅའ་ཁྲིམས་ཤིག་ལ་གྲོས་འཆམ་བྱུང་བ་དང་། བཅའ་ཁྲིམས་ནང་སྲིད་གཞུང་གིས་དབྱི་སི་རལ་ལ་འཇིགས་སྐུལ་འཇབ་རྒོལ་བྱས་ནས་འཛིན་བཟུང་བྱས་པའི་ཕ་ལེ་སི་ཐན་གྱི་བཙོན་མ་གློད་གྲོལ་གཏོང་མི་ཆོག་པའི་གཏན་འཁེལ་བཟོས་ཡོད། བཅའ་ཁྲིམས་གསར་བ་འདི་ལས་དེ་སྔོན་སྲིད་གཞུང་གིས་གློད་གྲོལ་བཏང་པའི་ཕ་ལེ་སི་ཐན་བ་དང་ད་ཆ་བཙོན་ཁང་དུ་ཡོད་པའི་ཕ་ལེ་སི་ཐན་བ་རྣམས་ལ་མཚོན་ན་བཅའ་ཁྲིམས་དེའི་ནུས་པ་ཐོན་གྱི་མེད་པ་རེད།
         དབྱི་སི་རལ་སྲིད་གཞུང་གིས་སྤྱི་ལོ་༢༠༡༡ལོར་ཕ་ལེ་སི་ཐན་གྱི་བཙོན་མ་ཆིག་སྟོང་ལྷག་གློད་གྲོལ་བཏང་སྟེ་བཙན་བཟུང་བྱས་པའི་དབྱི་སི་རལ་གྱི་དམག་མི་ཧྲ་ལི་ཐེ་ཕྱིར་ལེན་བྱས་པ་རེད། དབྱི་སི་རལ་དང་ཕ་ལེ་སི་ཐན་གྱི་ཞི་བའི་གྲོས་མོལ་ལ་སྐུལ་འདེད་བྱེད་ཆེད། དབྱི་སི་རལ་སྲིད་གཞིང་གིས་ན་ནིང་དང་ད་ལོར་གཉིས་ལ་བཙོན་འཇུག་བྱས་པའི་ཕ་ལི་སི་ཐན་གྱི་བཙོན་མ་ཁག་བགར་ཏེ་གློད་གྲོལ་བཏང་བ་དང་། དེ་ལྟར་བྱེད་དོན་ནི་ཕ་ལེ་སི་ཐན་ཕྱོགས་ལ་ཞི་བའི་གྲོས་མོལ་བྱེད་རྒྱུའི་རྣམ་འགྱུར་བསྟན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།