འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བོད་ལྗོངས་ཆབ་མདོ་ས་ཁུལ་གྲོང་ཁྱེར་དུ་འགྱུར་རྒྱུར་མཆན་
    འགོད་བཀའ་ལན་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་05ཉིན། 08:51】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཆབ་མདོ་ས་ཁུལ་དེ་གྲོང་ཁྱེར་དུ་འགྱུར་རྒྱུར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་མཆན་འགོད་བཀའ་ལན་ཐོབ་པས། མིག་སྔར་བོད་རང་སྐྱོང་ལྗོངས་ཁོངས་སུ་ས་ཁུལ་རིམ་པའི་གྲོང་ཁྱེར་༣ཡོད་པ་རེད།
         ཆབ་མདོ་ས་ཁུལ་ནི་བོད་རང་སྐྱོང་ལྗོངས་མངའ་ཁོངས་ཀྱི་ས་ཁུལ་(གྲོང་ཁྱེར)བདུན་གྱི་གྲས་ཤིག་ཡིན་པ་དང་བོད་ལྗོངས་སུ་ཡོང་སའི་ཤར་སྒོ་ཆེན་པོ་ཡིན། དེ་ནི་བོད་རང་སྐྱོང་ལྗོངས་དང་སི་ཁྲོན་ཞིང་ཆེན། མཚོ་སྔོན་ཞིང་ཆེན། ཡུན་ནན་ཞིང་ཆེན་བཅས་ཀྱི་ས་མཚམས་ཀྱི་འགག་སྒོ་ཡིན་པ་དང་། ཁྲོན་བོད་གཞུང་ལམ་དང་ཡུན་བོད་གཞུང་ལམ་བརྒྱུད་དགོས་ངེས་ཀྱི་ས་ཆ་ཞིག་ཡིན་ལ“ཇ་རྟའི་གནའ་ལམ”གྱི་གནད་གལ་ཆེན་ཞིག་ཀྱང་རེད།
          ངོ་སྤྲོད་བྱས་པར་གཞིགས་ན། ཆབ་མདོ་ས་ཁུལ་གྱི་སྟོན་གྲངས་གཙོ་བོ་ཚང་མ་ས་ཁུལ་རིམ་པའི་གྲོང་ཁྱེར་འཛུགས་པའི་ཚད་གཞི་དང་མཐུན་ཡོད། ༢༠༡༡ལོར་ཆབ་མདོ་ས་ཁུལ་གྱི་ས་རྒྱ་སྤྱི་ལེ་ངོས་གྲུ་ཁྲི་༡༠.༨༧ཟིན་པ་དང་སྤྱིའི་མི་འབོར་ཁྲི་༧༡.༥༣ཟིན་པ་དེའི་ནང་ཞིང་ལས་མིན་པའི་མི་འབོར་ཁྲི་༢༥.༡ཡོད་པ་དང་ས་ཁུལ་གྱི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་༧༥.༤ཟིན་ཡོད། སྲིད་འཛིན་ཀུང་ཧྲུའུ་གནས་སའི་ཆབ་མདོ་རྫོང་གི་ས་རྒྱ་སྤྱི་ལེ་ངོས་གྲུ་༡༠༦༥༢ཟིན་པ་དང་མི་འབོར་བསྡོམས་འབོར་ཁྲི་༢༡.༡༩ཟིན་པ་དེའི་ནང་གནས་སྡོད་མི་འབོར་ཁྲི་༤.༨༦དང་། ཞིང་ལས་མི་འབོར་ཁྲི་༣.༤  ཞིང་ལས་མིན་པའི་མི་འབོར་ཁྲི་༡༢.༩༣བཅས་ཡོད། ཆབ་མདོ་རྫོང་གི་རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་༢༥ཟིན་པ་དེའི་ནང་ཐོན་ལས་གསུམ་པས་༤༩%བཟུང་ཡོད། ཉེ་བའི་ལོ་ཤས་རིང་ཆབ་མདོ་ས་ཁུལ་གྱི་དཔལ་འབྱོར་དང་། སྤྱི་ཚོགས། རིག་གནས་སོགས་བྱ་གཞག་ཁག་མགྱོགས་མྱུར་འཕེལ་རྒྱས་འགྲོ་བཞིན་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།