འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།འགྲོ་བ་མིའི་ཐོབ་ཐང་གི་ཁྲིམས་འཛིན་འགན་སྲུང་ལ་ཤུགས་སྣོན་བརྒྱབ་ནས་ཁྲིམས་འཛིན་
    དྲང་བདེན་ལ་སྲུང་སྐྱོབ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་05ཉིན། 09:40】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་དྲང་བདེན་ནི་བཅའ་ཁྲིམས་ཀྱི་སྲོག་རྩ་ཡིན་པ་དང་ཁྲིམས་འཛིན་དྲང་བདེན་མིན་པ་དེས་སྤྱི་ཚོགས་ཀྱི་དྲང་བདེན་ལ་ཚབས་ཆེའི་གཏོར་བཤིག་གི་ནུས་པ་ཐོན་བཞིན་ཡོད་ཅེས་བསྟན་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་ནས་བཟུང་རང་རྒྱལ་ཁྲིམས་འཛིན་བསྒྱུར་བཅོས་གཏིང་ཟབ་ཏུ་འགྲོ་བ་དང་བསྟུན་ནས། ཁྲིམས་འཛིན་ལྟ་སྐུལ་ལ་ཤུགས་སྣོན་བརྒྱབ་པ་དང་འགྲོ་བ་མིའི་ཐོབ་ཐང་གི་འགན་ལེན་ལ་ཤུགས་སྣོན་སྔར་ལས་ཆེ་བ་བརྒྱབ་ཡོད་ཅིང་། ནུས་ལྡན་གྱི་སྒོ་ནས་ཁྲིམས་འཛིན་དྲང་བདེན་ལ་སྲུང་སྐྱོབ་བྱས་ཡོད་པ་རེད། བྱས་ཉེས་མི་བསག་པ་རྒྱུན་འཁྱོངས་དང་མ་ཉེས་ཁ་གཡོགས་དང་། གྱོད་དོན་རྫུན་མ་དང་ནོར་འཁྲུལ་ཤོར་བ་ཡོ་བསྲང་བྱེད་པ་དེ་ནི་ཁྲིམས་འཛིན་ལས་ཁུངས་ནས་ཀྲུང་དབྱང་གིས་བཏོན་པའི་མི་དམངས་མང་ཚོགས་མི་རེ་ངོ་རེ་ལ་ཁྲིམས་འཛིན་གྱོད་དོན་ཁྲོད་དུ་འབད་བརྩོན་ཆེན་པོས་དྲང་སྙོམས་དྲང་བདེན་གྱི་མྱོང་ཚོར་ཞིག་སྐྱེས་སུ་འཇུག་རྒྱུའི་ལན་ཆ་དེ་ཡིན། བསྡོམས་རྩིས་བརྒྱབ་པར་གཞིགས་ན། སྤྱི་ལོ་༢༠༡༣ལོ་ནས་བཟུང་རྒྱལ་ཡོངས་ཁྲིམས་ཁང་གིས་ཁྱོན་ཀྲེ་ཅང་གི་རུས་མིང་ཀྲང་གི་ཨ་ཁུ་དང་ཚ་བོས་བཙན་གཡེམ་མི་གསོད་གྱོད་གཞི་དང་ཧོ་ནན་གྱི་ལི་ཧུའེ་ལེའང་གིས་ཆེད་མངག་མི་བསད་པའི་གྱོད་གཞི་སོགས་ཁྱོན་མ་ཉེས་ཁག་གཡོགས་དང་། གྱོད་གཞི་རྫུན་མ་དང་ནོར་འཁྲུལ་ཤོར་བ་ཡོ་བསྲང་བྱས་པས་སྤྱི་ཚོགས་ཐོག་ལན་ཆ་ཡག་པོ་བྱུང་ཡོད། ལམ་ལུགས་ཐོག་ནས་མ་ཉེས་ཁག་གཡོགས་དང་། གྱོད་དོན་རྫུན་མ་དང་ནོར་འཁྲུལ་ཤོར་བ་སྔོན་འགོག་ཚོད་འཛིན་ཐུབ་ཆེད་དུ་སྤྱི་ལོ་༢༠༡༣ལོའི་ཟླ་བ་བདུན་པར་ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མ་ཉེས་ཁག་གཡོགས་དང་། གྱོད་དོན་རྫུན་མ་དང་ནོར་འཁྲུལ་ཤོར་བ་མཐིལ་ཕྱིན་པ་སྔོན་འགོག་བྱ་རྒྱུའི་སྐོར་གྱི་མཛུབ་སྟོན་དགོངས་འཆར་ཞེས་པ་བཏོན་པ་དང་། ཁྲིམས་དཔོན་དང་ཞིབ་དཔྱོད་དཔོན། མི་དམངས་ཉེན་རྟོག་པ་བཅས་ཀྱིས་གྱོད་དོན་བསྒྲུབ་པའི་སྤུས་ཚད་ལ་མི་ཚེ་ཧྲིལ་པོར་འགན་ལེན་ཏན་ཏིག་བྱེད་དགོས་ཞེས་དང་ད་དུང་མ་ཉེས་ཁག་གཡོགས་དང་། གྱོད་དོན་རྫུན་མ་དང་ནོར་འཁྲུལ་ཤོར་བའི་རིགས་ཀྱི་འགན་དཀྲི་བདའ་འདེད་གཏོང་བའི་སྒྲིག་གཞི་འཛུགས་རྒྱུ་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཞེས་བཏོན་ཡོད། སྤྱི་བདེ་པུའུ་དང་། ཆེས་མཐོའི་མི་དམངས་ཞིབ་དཔྱོད་ཁང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་བཅས་ཀྱིས་ཀྱང་དེ་མཚུངས་ཀྱི་ལམ་ལུགས་བྱེད་ཐབས་བཏོན་ཡོད་པ་རེད། ཧྲན་ཏུང་དང་ཟི་ཁྲོན་སོགས་ས་གནས་ཁྲིམས་ཁང་གིས་ཀྱང་ད་དུང་གྱོད་དོན་ཚབས་ཆེའི་རིགས་རེ་གཉིས་བརྒྱུད་དེ་མི་དམངས་འདྲི་རོགས་པ་གྱོད་དོན་འདྲི་གཅོད་བྱེད་པའི་ནང་དུ་ཞུགས་སུ་བཅུག་པ་དང་མང་ཚོགས་ནས་ལྟ་སྐུལ་དང་ཁྲིམས་འཛིན་དྲང་བདེན་ལ་འགན་ལེན་ཐུབ་པ་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།