འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ཀྱི་གསར་འགྱུར་ལྟེ་གནས་སུ་བསྐྱོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་04ཉིན། 16:54】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ཀྱི་གསར་འགྱུར་ལྟེ་གནས་སུ་བསྐྱོད་པ།
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པ་༢༠༡༤ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)ཀྱི་འགོ་ཁྲིད་ཚོགས་འདུ་གཟའ་འཁོར་གྱི་གསར་འགྱུར་ལྟེ་གནས་གཉིས་ཀྱི་ཡ་གྱལ་རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ཀྱི་གསར་འགྱུར་ལྟེ་གནས་སུ་བསྐྱོད་ནས་དེའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་རྒྱུས་ལོན་བྱས་པ་རེད། མཚམས་སྦྱོར་བྱས་པ་ལྟར་ན། གསར་འགྱུར་ལྟེ་གནས་ཀྱི་རྒྱ་ཁྱོན་བསྡོམས་འབོར་སྨི་གྲུ་བཞི་མ་༡༡༠༠༠ལྷག་ཙམ་ཡོད་པ་དང་། གསར་འགྱུར་ལྟེ་གནས་ཀྱི་ཁྱོན་ཡོངས་སུ་སྐུད་མེད་དྲ་བས་ཁེངས་ཡོད་པས། སྨྱན་སྦྱོར་ལས་ཁུངས་ཁག་ལ་བརྙན་ཟློས་དང་། ཡི་གེ པར་རིས་ལ་སོགས་པའི་ཕྱོགས་བསྡུས་དཔྱད་གཞིའི་ཡིག་རིགས་དང་ཆེད་ལས་ཀྱི་གློག་འཕྲིན་དང་བརྙན་འཕྲིན་ཞབས་ཞུ་འདོན་སྤྲོད་བྱེད་ཐུབ་རྒྱུ་རེད། ཟླ་༡༡ཚེས་༤ཉིན་ནས་བཟུང་གསར་འགྱུར་ལྟེ་གནས་དེས་ལས་གཉེར་བྱེད་འགོ་རྩོམ་རྒྱུ་ཡིན་པ་རེད།
    【1】  【2】  【3】  【4】  【5】
    ༄༅།།རྒྱལ་ཁབ་གྲོས་ཚོགས་ལྟེ་གནས་ཀྱི་གསར་འགྱུར་ལྟེ་གནས་སུ་བསྐྱོད་པ།
      

    ཕྱོགས་བསྡུས་གསར་འགྱུར།