འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་༡༡པ་ནས་བཟུང་ཕོ་བྲང་པོ་ཏ་ལའི་སྒོ་འཛིན་གྱི་རིན་གོང་གཅོག་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་04ཉིན། 16:43】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་ལྗོངས་ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ནས་ཤེས་རྟོགས་བྱས་པ་ལྟར་ན། ཟླ་༡༡ཚེས་༡ཉིན་ནས་བཟུང་ཕོ་བྲང་པོ་ཏ་ལས་ཡུལ་སྐོར་བ་ཉུང་བའི་དུས་ཀྱི་སྒོ་འཛིན་རིན་གོང་ལག་བསྟར་བྱ་རྒྱུ་སྟེ། ཡུལ་སྐོར་བ་མང་བའི་དུས་ཀྱི་མི་རེར་སྒོར་༢༠༠ནས་མི་རེར་སྒོར་༡༠༠བར་གཅོག་རྒྱུ་དང་། དྲ་ཐོག་ནས་སྒོ་འཛིན་མངགས་ཉོ་བྱ་རྒྱུ་མཚམས་འཇོག་བྱ་རྒྱུ་རེད།
          ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡི་འགན་ཁུར་བས་གསར་འགོད་པར་ལོ་རེའི་ཟླ་༡༡ཚེས་༡ཉིན་ནས་ཕྱི་ལོའི་ཟླ་༤ཚེས་༣༠ཉིན་བར་སྒོ་འཛིན་རིན་གོང་གཅོག་པའི་དོ་དམ་བྱ་ཐབས་ལག་བསྟར་བྱ་རྒྱུ་དང་། ཡུལ་སྐོར་བས་དྲ་ཐོག་ནས་སྒོ་འཛིན་མངགས་ཉོ་བྱེད་མི་དགོས་པར་ཐད་ཀར་རང་ཉིད་ཀྱི་ཐོབ་ཐང་ལག་ཁྱེར་འཁྱེར་ནས་ཉིན་དེའི་སྒོ་འཛིན་ཉོས་ཏེ་ཕོ་བྲང་པོ་ཏ་ལར་ལྟ་སྐོར་བྱེད་ཆོག་ཅེས་བཤད།
      

    ཕྱོགས་བསྡུས་གསར་འགྱུར།